མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཁབ་ཡིག་ཚགས་ཅུས་ཀྱིས་<<རི་པིན་གྱི་དམག་འཁྲུག་ཉེས་ཅན་པའི་ངོས་ལེན་དང་མྱུལ་ཞིབ་
འདྲི་གཅོད་ཕྱོགས་སྡོམ་བསམ་འཆར་ཡི་གེ་>>ཁྱབ་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་15ཉིན། 09:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཟླ་༡༢ཚེས་༡༣ཉིན་རྒྱལ་ཁབ་ཡིག་ཚགས་ཅུས་ཀྱིས་དཔོན་ཕྱོགས་ཀྱི་དྲ་ཚིགས་ཐོག་ལེའུ་བདུན་ཡོད་པའི་དྲ་རྒྱའི་བརྙན་འཕྲིན་<<ནན་ཅིན་དམར་གསོད་ཆེན་པོའི་ཡིག་ཚགས་འདེམས་བཀོད་>>ཀྱི་ལེའུ་བདུན་པ་སྟེ་<<རི་པིན་གྱི་དམག་འཁྲུག་ཉེས་ཅན་པའི་ངོས་ལེན་དང་མྱུལ་ཞིབ་འདྲི་གཅོད་ཕྱོགས་སྡོམ་བསམ་འཆར་ཡི་གེ་>>ཁྱབ་བསྒྲགས་བྱས་པ་རེད།
     <<རི་པིན་གྱི་དམག་འཁྲུག་ཉེས་ཅན་པའི་ངོས་ལེན་དང་མྱུལ་ཞིབ་འདྲི་གཅོད་ཕྱོགས་སྡོམ་བསམ་འཆར་ཡི་གེའི་>>ནང་ཀྲུང་དབྱང་ཡིག་ཚགས་ཁང་གིས་ཉར་ཚགས་བྱས་པའི་<<ཙོ་ཙོ་མུ་ཏའོ་དབྱི་ཡི་ཉེས་སྐྱོན་ཐེར་འདོན་དང་མྱུལ་ཞིབ་འདྲི་གཅོད་ཕྱོགས་སྡོམ་བསམ་འཆར་ཡི་གེ་>>དང་། <<རི་པིན་གྱི་དམག་འཁྲུག་ཉེས་ཅན་ཐའེ་ཐན་ཧྲའོ་ནན་གྱི་ཡིག་ཐོག་ངོས་ལེན་དང་ངག་ཐོག་ངོས་ལེན>> <<རི་པིན་གྱི་དམག་འཁྲུག་ཉེས་ཅན་ཀྲུང་ཡོན་ཀྲུང་ཀྲེ་ཧྲའོ་ཡི་ཡིག་ཐོག་ངོས་ལེན>> <<རི་པིན་གྱི་དམག་འཁྲུག་ཉེས་ཅན་ཏུང་ཁུའོ་དབྱི་དབྱི་ཡི་ངོས་ལེན>> <<རི་པིན་གྱི་དམག་འཁྲུག་ཉེས་ཅན་ཡུང་ཕུའུ་པོ་ཀྲེའི་ཡིག་ཐོག་ངོས་ལེན་>>སོགས་ཀྱི་དཔྱད་ཡིག་ཡོད། རྒྱལ་ཁབ་ཡིག་ཚགས་ཅུས་ཀྱིས་མཁོ་འདོན་བྱས་པའི་དཔྱད་ཡིག་ནང་ཙོ་ཙོ་མུ་ཏའོ་དབྱི་ནི་རི་དམག་གི་ཧྲི་ཐོན་བཅུ་དྲུག་པ་དང་ལུའེ་སུམ་ཅུ་པའི་ཐོན་ཀྲང་ཡིན་པ་དང་ནན་ཅིན་དམར་གསོད་ཆེན་པོའི་ཉེས་ཅན་གཏེ་པོའི་གྲས་ཡིན་ཞིང་། ༡༩༣༧ལོའི་ཟླ་བཅུ་གཉིས་པར་ཙོ་ཙོ་མུ་ཏའོ་དབྱིས་དཔུང་སྣེ་ཁྲིད་དེ་ནན་ཅིང་དུ་དམར་གསོད་ཆེན་པོའི་བྱ་ངན་སྤེལ་བ་དང་༡༩༣༨ལོའི་ཟླ་དང་པོ་བར་ཁོ་པ་གནས་སའི་དཔུང་སྡེ་ནི་ནན་ཅིང་དམར་གསོད་ཆེན་པོའི་ནང་སྡིག་ཉེས་ཆེན་པོ་གསོག་མཁན་དང་གདུག་རྩུབ་ཆེ་ཤོས་ཀྱི་དཔུང་སྡེའི་གྲས་ཡིན། ༡༩༤༥ལོའི་ཟླ་བརྒྱད་པར་རི་པིན་གྱིས་ཆ་རྐྱེན་གང་ཡང་མེད་པར་མགོ་བཏགས་ཞུ་རྒྱུའི་ཁྱབ་བསྒྲགས་བྱས་རྗེས། ཙོ་ཙོ་མུ་ཏའོ་དབྱི་སུའུ་དམག་གིས་བཟུང་བ་དང་ཕྱིས་སུ་ཀྲུང་གོ་སྲིད་གཞུང་ལ་རྩིས་སྤྲད་པ་རེད།