མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཁབ་ཀྱི་སྤྱི་མཆོད་སྡིངས་ཆེན་པོའི་ཡོལ་བ་ཕྱེ་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་15ཉིན། 09:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།རྒྱལ་ཁབ་ཀྱི་སྤྱི་མཆོད་སྡིངས་ཆེན་པོའི་ཡོལ་བ་ཕྱེ་བ།

མི་དམངས་དྲ་བའི་འཕྲིན། ཟླ་༡༢ཚེས་༡༣ཉིན་ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་བཅས་ཀྱིས་ནན་ཅིང་དུ་ནན་ཅིང་དམར་གསོད་ཆེན་པོའི་ནང་རྐྱེན་ལམ་དུ་ཤོར་བའི་འདས་པོའི་རྒྱལ་ཁབ་ཀྱི་སྤྱི་མཆོད་མཛད་སྒོ་གཟབ་རྒྱས་ངང་འཚོགས་པ་རེད། མཛད་སྒོའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ནན་ཅིང་དམར་གསོད་ཆེན་པོའི་ནང་སྲོག་ཉེན་ལས་ཐར་མཁན་གྱི་འཐུས་མི་ལོ་༨༥ལ་སླེབས་པའི་ཞ་ཧྲུའུ་ཆིན་དང་ནན་ཅིང་དམར་གསོད་ཆེན་པོའི་ནང་རྐྱེན་ལམ་དུ་ཤོར་བའི་འདས་པོའི་གཉེན་ཉེ་ལོ་༡༣ལ་སླེབས་པའི་རོན་ཙེ་ཡུས་དང་མཉམ་དུ་རྒྱལ་ཁབ་ཀྱི་སྤྱི་མཆོད་སྡིངས་ཆེན་པོའི་ཡོལ་བ་ཕྱེ་བ་རེད།
         ཀྲུང་གོར་བཙན་འཛུལ་བྱེད་མཁན་རི་པིན་གྱི་དམག་དཔུང་གིས་ནན་ཅིང་དམར་གསོད་ཆེན་པོའི་ནང་དམར་གསོད་བཏང་བའི་སྤུན་ཟླའི་དྲན་གསོ་ཁང་དུ“རྒྱལ་ཁབ་ཀྱི་སྤྱི་མཆོད་སྡིངས་ཆེན་པོ”ཡུན་བརྟན་དུ་བཙུགས་པ་དེ་ནི་རྒྱལ་ཁབ་ཀྱི་སྤྱི་མཆོད་མཛད་སྒོའི་ནང་དོན་གལ་ཆེན་ཞིག་རེད། ཇུས་འགོད་བྱེད་མཁན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཁབ་ཀྱི་སྤྱི་མཆོད་སྡིངས་ཆེན་པོའི་འཆར་འགོད་ལའང་གྲངས་ཀའི་གོ་དོན་ལྡན་པ་སྟེ། ཟངས་ལས་གྲུབ་པའི་སྡིངས་ཆེན་པོའི་གཞི་དང་ཟངས་ལས་གྲུབ་པའི་ཞབས་སྟེགས་ལ་ལྗིད་ཚད་སྤྱི་རྒྱ་༢༠༡༤ཡོད་པ་དང་རྡོ་ལས་གྲུབ་པའི་ཞབས་སྟེགས་ཀྱི་ལྗིད་ཚད་སྤྱི་རྒྱ་༡༢༡༣ཡོད་པ་དེ་ཐོག་ནས་༢༠༡༤ལོའི་ཟླ་༡༢ཚེས་༡༣ཉིན་རྒྱལ་ཁབ་ཀྱི་སྤྱི་མཆོད་ཐེངས་དང་པོ་འཚོགས་པ་མཚོན་ཡོད།