མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་རྒྱལ་ཕྱིར་སློབ་གཉེར་ལས་དོན་ཚོགས་འདུའི་ཐོག་
མཛུབ་སྟོན་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་15ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་ཀྱི་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པའི་ལས་དོན་ཚོགས་འདུ་ཚེས་༡༢དང་ཚེས་༡༣ཉིན་པེ་ཅིང་དུ་འཚོཊ་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས་རང་རྒྱལ་གྱི་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པའི་བྱ་གཞག་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། དུས་བབ་གསར་པའི་འོག་གི་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བླང་བྱ་བཏོན་གནང་ནས་ཕྱི་རྒྱལ་དུ་ཡོད་པའི་རྒྱ་ཆེའི་ཀྲུང་གོའི་སློབ་ཕྲུག་ཚོར་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་མ་ཟད། ཀྲུང་གོར་ཡོད་པའི་རྒྱལ་ཁབ་ཁག་གི་གྲོགས་པོ་ཚོར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཡང་ཞུས་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པའི་བྱ་གཞག་དེ་སྔར་ནས་བཟུང་རྒྱལ་ཁབ་དང་མི་རིགས་ཀྱི་ལས་དབང་དང་དམ་པོར་འབྲེལ་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་པ་དང་ལྷག་དོན་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པའི་བྱ་གཞག་ལ་ཏང་དང་རྒྱལ་ཁབ་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ནས་བྱེད་ཕྱོགས་སྲིད་ཇུས་རབ་དང་རིམ་པ་བཟོས་པ་དང་ལག་ལེན་བསྟར་བས། རང་རྒྱལ་གྱི་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པའི་བྱ་གཞག་ཐད་མི་རྣམས་ཀྱིས་དོ་ཁུར་བྱེད་པའི་གྲུབ་འབྲས་ཐོབ་རྒྱུར་སྐུལ་མ་ཐེབས་པ་དང་། ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པའི་བྱ་གཞག་གིས་རང་རྒྱལ་གྱི་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུཊ་སྐྲུན་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། འདི་གར་ངས་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པའི་ལས་དོན་གྱི་འཐབ་ཕྱོགས་སུ་ལས་ཀ་བྱེད་མཁན་བློ་མཐུན་རྣམས་ལ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ནས་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པའི་བྱ་གཞག་ནི་རང་རྒྱལ་གྱི་སྒྱུར་བཅོས་སྒོ་དབྱེའི་བྱ་གཞག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཤེས་ལྡན་མི་སྣར་བརྟེན་ན་རྒྱལ་ཁབ་འཕེལ་རྒྱས་འགྲོ་བ་དང་། ཤེས་ལྡན་མི་སྣར་བརྟེན་ན་བྱ་གཞག་དར་རྒྱས་འགྲོ་ཐུབ། ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པའི་ལས་དོན་སྤེལ་བ་བརྒྱུད་ཤེས་ལྡན་མི་སྣ་གསོ་སྐྱོང་དང་གཅིག་སྡུད་བྱ་རྒྱུ་ནི་རྒྱལ་ཁབ་ཀྱི་འཇམ་ཤུགས་གལ་ཆེན་འཛུགས་སྐྱོང་བྱེད་པ་ཞིག་རེད། གོ་ལ་ཧྲིལ་པོའི་མཐོང་རྒྱ་དང་སྒྱུར་བཅོས་གསར་གཏོད་བྱ་ཐབས་ལ་བརྟེན་ནས་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པའི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཤེས་ལྡན་མི་སྣ་བསྡུས་ནས་རྒྱལ་ཁབ་འཛུགས་སྐྲུན་གྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་དགོས་ཞེས་གསུངས་པ་རེད།