མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་དཔལ་འབྱོར་གོང་དུ་འཕེལ་བའི་རྒྱུན་ཚུལ་རང་འགུལ་ངང་དམ་འཛིན་དང་
ཧུར་བརྩོན་ཆེན་པོས་བསྟུན་ཐབས་བྱ་དགོས་ཞེས་གསུངས་པ། 

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་15ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་དཔལ་འབྱོར་གོང་དུ་འཕེལ་བའི་རྒྱུན་ཚུལ་རང་འགུལ་ངང་དམ་འཛིན་དང་
ཧུར་བརྩོན་ཆེན་པོས་བསྟུན་ཐབས་བྱ་དགོས་ཞེས་གསུངས་པ།

མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་དུ་ལས་དོན་རྟོག་ཞིབ་གནང་སྐབས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཐེངས་བཞི་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཀྲུང་དབྱང་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ་དཔལ་འབྱོར་གོང་དུ་འཕེལ་བའི་རྒྱུན་ཚུལ་རང་འགུལ་ངང་དམ་འཛིན་དང་ཧུར་བརྩོན་ཆེན་པོས་བསྟུན་ཐབས་བྱས་ནས་སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་དང་། ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ། ཁྲིམས་ལྟར་རྒྱལ་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་སྤེལ། ཕྱོགས་ཡོངས་ནས་ཏང་སྐྱོང་ནན་པོ་བཅས་བྱེད་པར་མཐུན་སྦྱོར་ངང་སྐུལ་སྤེལ་བཏང་ནས་བསྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་དཔལ་འབྱོར་འཕེལ་རྒྱས་དམ་འཛིན་ཡག་པོ་བྱ་རྒྱུའི་འགག་རྩ་ནི་སྔར་བཞིན་བྱེད་སྟངས་ལེགས་འགྱུར་དང་། གྲུབ་ཚུལ་ལེགས་སྒྲིག་བྱ་རྒྱུ་ཡིན་ཞིང་། ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་གང་མགྱོགས་བྱེད་པར་སྐུལ་འདེད་གཏོང་རྒྱུ་དེ་དམའ་རིམ་དང་འབྲིང་རིམ་ནས་མཐོ་རིམ་དུ་སྐུལ་འདེད་གཏོང་དགོས། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་ཁ་ཚ་དགོས་གཏུག་གི་བསམ་པ་བཅངས་ནས་གསར་གཏོད་བྱེད་པར་ཕན་འབྲས་འཐོབ་པར་དམ་འཛིན་ཏན་ཏིག་བྱ་དགོས་པ་དང་། ཚན་རྩལ་དང་དཔལ་འབྱོར་འབྲེལ་མཐུད་དང་། གསར་གཏོད་བྱས་འབྲས་དང་ཐོན་ལས་འབྲེལ་མཐུད། གསར་གཏོད་རྣམ་གྲངས་དང་དངོས་ཡོད་ཐོན་སྐྱེད་ནུས་ཤུཊ་འབྲེལ་མཐུད། ཞིབ་འཇུག་གསར་གཏོད་མི་སྣའི་གསར་གཏོད་ངལ་རྩོལ་དང་དེ་དག་གི་ཁེ་ཕན་ཡོང་འབབ་འབྲེལ་མཐུད་བཅས་བྱེད་ཤུགས་ཆེ་རུ་བཏང་སྟེ་གསར་གཏོད་ལ་གྲུབ་འབྲས་ཐོབ་པར་ཕན་པ་དང་གསར་གཏོད་ཀྱི་གྲུབ་འབྲས་ཐོན་ལས་ཅན་དུ་འགྱུར་བར་ཕན་པའི་ལམ་སྲོལ་གསར་པ་གྲུབ་པར་བྱ་དགོས་ཞེས་ནན་བཤད་ཀྱང་གནང་བ་རེད།