མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་ཧ་སག་སི་ཐན་རྒྱལ་ཁབ་ཀྱི་ཙུང་ཐུང་ན་ཀྲར་པ་ཡེ་ཧྥུའུ་ལ་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་15ཉིན། 14:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ལི་ཁེ་ཆང་གིས་ཧ་སག་སི་ཐན་རྒྱལ་ཁབ་ཀྱི་ཙུང་ཐུང་ན་ཀྲར་པ་ཡེ་ཧྥུའུ་ལ་མཇལ་འཕྲད་གནང་བ།

མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཟླ་༡༢ཚེས་༡༤ཉིན་གྱི་ཕྱི་དྲོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཨ་སི་ཐ་ན་ཙུང་ཐུང་གཟིམ་ཤག་ཏུ་ཧ་སག་སི་ཐན་རྒྱལ་ཁབ་ཀྱི་ཙུང་ཐུང་ན་ཀྲར་པ་ཡེ་ཧྥུའུ་ལ་མཇལ་འཕྲད་གནང་བ་རེད། ལི་ཁེ་ཆང་གིས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་མྱུར་ཇེ་མགྱོགས་དང་རིམ་པ་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས་ན། འཕར་སྣོན་གཏོང་ལམ་གསར་པ་འཚོལ་ཐབས་དང་མཉམ་ལས་བྱེད་པའི་བཀྲག་མདངས་འཚེར་ས་གསར་པ་སྔོག་འདོན་བྱ་དགོས། ཀྲུང་གོའི་ཕྱོགས་ཀྱིས་ཧ་སག་སི་ཐན་ཕྱོགས་ཀྱིས་དཔལ་འབྱོར་དར་རྒྱས་གཏོང་ཆེད་བཟོ་འགོད་བྱས་པའི“འོད་ཟེར་ལྡན་པའི་ཐབས་ལམ”ཞེས་པའི་འཆར་གཞི་སྒྲུབ་པར་ཧུར་ཐག་ཞུགས་ཏེ་ཀྲུང་གོའི་སྒྲིག་ཆས་ལ་བརྟེན་ནས་སྤུས་ཀ་དག་ཅིང་སྤུས་གོང་བསྡུར་ཚད་མཐོ་བ་སོགས་ཀྱི་བཟང་ཆ་ལྡན་པའི་ཐོན་རྫས་བཟོ་སྐྲུན་བྱེད་པ་དང་། ཧ་སག་སི་ཐན་ཕྱོགས་དང་མཉམ་དུ་ངར་ལྕགས་བཟོ་གྲྭ་དང་། གློག་ཁང་། ལྕཊ་ལམ་ལ་སོགས་པའི་རྨང་གཞིའི་སྒྲིག་བཀོད་འཛུཊ་སྐྲུན་ཐད་མཉམ་ལས་བྱས་ཏེ་ལག་གདང་སྦྲེལ་ནས་རྒྱལ་སྤྱིའི་དཔལ་འབྱོར་གནས་བབ་ཀྱི་འགྲན་སློང་སྣ་ཚོགས་ལ་ཁ་གཏད་བཅལ་ཏེ་གཉིས་ཕན་མཉམ་རྒྱལ་དང་ཐུན་མོང་དུ་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་འདོད་ཡོད་ཅེས་གསུངས་པ་རེད།