མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ནན་ཅིན་དམག་ཁུལ་ཁང་གི་ལས་ཁུངས་སུ་གཟིགས་ཞིབ་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་16ཉིན། 10:47】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ནན་ཅིན་དམག་ཁུལ་ཁང་གི་ལས་ཁུངས་སུ་གཟིགས་ཞིབ་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་༡༢ཚེས་༡༤ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞིས་ཅིན་ཕིང་ནན་ཅིན་དམག་ཁུལ་ཁང་དུ་གཟིགས་ཞིབ་གནང་བར་ཕེབས་ཤིང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུའི་ཚབ་གནང་སྟེ་དམག་ཁུལ་ཁང་གིདཔོན་དམག་ཡོངས་ལ་ལྷག་བསམ་རྣམ་དག་གི་འཚམས་འདྲི་གནང་བ་དང་། དམག་དཔུང་སྟོབས་ཆེན་དུ་གཏོང་རྒྱུའི་དམིཊ་ཡུལ་ལ་རྩེ་གཅིག་ཏུ་དམིཊ་ནས་དམག་ཡོངས་ཀྱི་ཆབ་སྲིད་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་གཏིང་ཟབ་པོ་བསྟར་བ་དང་། ཁྲིམས་ལྟར་དམག་སྐྱོང་ལ་སྐུལ་སྤེལ་ཏན་ཏིག་དང་། དམག་སྐྱོང་ནན་པོ་བྱས་ཏེ་དམག་དཔུང་གསར་བརྗེ་ཅན་དང་། དེང་རབས་ཅན། དངོས་གཞི་ཅན་བཅས་སུ་འཛུགས་སྐྲུན་བྱེད་ཤུགས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས་པ་དང་། ཏང་དང་མི་དམངས་ཀྱིས་སྤྲད་གནང་བའི་གཟི་བརྗིད་ལྡན་པའི་ལས་འགན་ལེགས་འགྲུབ་ཏན་ཏིག་བྱ་དགོས་ཞེས་ནན་བཤད་གནང་བ་དང་། ཞིས་ཅིན་ཕིང་གིས་ད་དུང་མཐོ་རིམ་དང་འབྲིང་རིམ་ལས་བྱེད་པ་རྣམས་ནི་དམག་དཔུང་སྐྱོང་བ་དང་དམག་མིའི་སྣེ་འཁྲིད་པའི་རྐང་འཛིན་པ་ཡིན་པས། ངེས་པར་དུ་སློབ་གསོ་དང་། དོ་དམ། ལྟ་སྐུལ་བཅས་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། དཔྱད་ཞིབ་དང་འདེམས་གསེས་བསྐོ་སྤྱོད་ནན་པོ་བྱ་དགོས། ཀུན་སྤྱོད་ལེགས་སྤེལ་ལ་སྐུལ་སྤེལ་གཏིང་ཟབ་པོ་གཏོང་བ་དང་། གནས་པའི་གནད་དོན་དག་ཐེར་ཡོ་བསྲང་དང་བརྟག་དཔྱད་ཐག་གཅོད་བྱ་རྒྱུར་དམ་འཛིན་ཡག་པོ་མཐའ་གཅིག་ཏུ་བྱས་ཏེ་མང་ཚོགས་ལམ་ཕྱོགས་སྐོར་གྱི་སློབ་གསོ་དང་ལག་ལེན་བྱེད་སྒོའི་གྲུབ་འབྲས་སྲ་བརྟན་དང་འཕེལ་རྒྱས་བཏང་ཐོག་དཔོན་དམག་རྣམས་ཀྱིས་ཡིད་ཚིམ་པའི་ཕན་འབྲས་དངོས་རྒྱུན་ཆད་མེད་པར་འཐོབ་པར་བྱ་དགོས་ཞེས་ནན་བཤད་ཀྱང་གནང་བ་རེད།