མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་ཞུགས་རྒྱལ་ཁབ་སྲིད་གཞུང་གི་འགོ་གཙོའི་
ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅུ་གསུམ་པར་ཞུགས་པ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་16ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ལི་ཁེ་ཆང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་ཞུགས་རྒྱལ་ཁབ་སྲིད་གཞུང་གི་འགོ་གཙོའི་
ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅུ་གསུམ་པར་ཞུགས་པ།

མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཟླ་༡༢ཚེས་༡༥ཉིན་གྱི་ཕྱི་དྲོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ཨ་སི་ཐ་ན་གྲོང་ཁྱེར་དུ་ ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་ཞུགས་རྒྱལ་ཁབ་སྲིད་གཞུང་གི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅུ་གསུམ་པར་ཞུགས་པ་དང་། ཚོགས་འདུར་ཞུགས་པའི་རྒྱལ་ཁབ་ཁག་གི་འགོ་ཁྲིད་པ་རྣམས་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དངོས་དོན་གཉེར་བའི་མཉམ་ལས་སྔར་ལས་ཟབ་སྤེལ་བྱ་རྒྱུའི་སྐོར་དགོངས་འཆར་བརྗེ་རེས་གཏིང་ཟབ་པོ་བྱས་པ་རེད། 
         ལི་ཁེ་ཆང་གིས་ད་ལོའི་ཟླ་བ་དགུ་པར་ཏུའུ་ཧྲང་པིའེ་གྲོང་ཁྱེར་དུ་འཚོགས་པའི་དབུ་ཚོགས་ཐོག་ཀྲུའུ་ཞི་ཞིས་ཅིན་ཕིང་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་གཞན་དག་ཚོས་རྩ་འཛུགས་འདིའི་དངོས་དོན་གཉེར་བའི་མཉམ་ལས་ལ་སྐུལ་སྤེལ་གཏོང་རྒྱུའི་སྐོར་བྱ་ཐབས་གལ་ཆེན་མང་པོ་བཏོན་གནང་བ་རེད། མིག་སྔར་འཛམ་གླིང་གི་གནས་བབ་སྣེ་མང་རྙོག་འཛིང་ཆེ་ཞིང་། དཔལ་འབྱོར་དངོས་ཚན་མི་འདྲ་བའི་འགྲོ་ཚུལ་ཁ་ཕྲལ་བ་དང་།ས་ཁུལ་ཁ་ཤས་སུ་ཟང་ཟིང་ཚབས་ཇེ་ཆེར་སོང་བ་རེད། གོ་སྐབས་དམ་འཛིན་དང་འགྲན་སློང་ལ་ཁ་གཏད་འཇལ་བར་ང་ཚོས་བདེ་འཇགས་དང་། དཔལ་འབྱོར།སྤྱི་ཚོགས་ཀྱི་རིག་གནས་སྣ་ཚོགས་བཅས་པའི་ཁྱབ་ཁོངས་སུ་མཉམ་ལས་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་དགོས་པ་སྟེ། གཅིག་ནི་ས་ཁུལ་བདེ་འཇགས་དང་བརྟན་ལྷིང་ཡོང་བའི་སྲུང་བཅད་བརྟན་པོ་བསྐྲུན་དགོས་པ་དང་། གཉིས་ནི་ས་ཁོངས་མཉམ་ལས་བྱ་རྒྱུའི་བཀྲག་མདངས་འཚེར་ས་འཛུགས་སྐྲུན་བྱ་དགོས་པ། གསུམ་ནི་དམངས་འཚོ་དང་སྤྱི་ཚོགས་ཀྱི་རིག་གནས་སྣ་ཚོགས་ཐད་མཉམ་ལས་བྱ་རྒྱུར་མཐོང་ཆེན་སྔར་ལས་ལྷག་པར་བྱས་ནས་དམངས་འཚོའི་སྐོར་གྱི་གྲོས་གཞི་སྔར་ལས་མང་དུ་གཏོང་བ་། ལས་གཞི་ འཛུགས་སྐྲུན་སྔར་ལས་མང་བར་སྐུལ་འདེད་བཏང་ནས་ལས་ཞུགས་གོ་སྐབས་སྔར་ལས་མང་བ་གསར་སྐྲུན་བྱ་དགོས་པ་བཅས་ཡིན་ཞེས་གསུངས་པ་རེད།