མི་དམངས་དྲ་བ།

༄༅།།ཞིས་ཅིན་ཕིང་གིས་སྐབས་བཞི་པའི་རྒྱལ་ཡོངས་ཤེས་དཔལ་གྲོང་ཁྱེར་དང་། ཤེས་དཔལ་གྲོང་
ཚོ་དང་གྲོང་རྡལ། ཤེས་དཔལ་ཚན་པ། ན་སོ་དར་ལ་མ་བབས་པའི་མིའི་བསམ་བློ་
ཀུན་སྤྱོད་འཛུགས་སྐྱོང་ལས་དོན་བཅས་ཀྱི་སྔོན་ཐོན་འཐུས་མི་
དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་02ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་སྐབས་བཞི་པའི་རྒྱལ་ཡོངས་ཤེས་དཔལ་གྲོང་ཁྱེར་དང་། ཤེས་དཔལ་གྲོང་
ཚོ་དང་གྲོང་རྡལ། ཤེས་དཔལ་ཚན་པ། ན་སོ་དར་ལ་མ་བབས་པའི་མིའི་བསམ་བློ་
ཀུན་སྤྱོད་འཛུགས་སྐྱོང་ལས་དོན་བཅས་ཀྱི་སྔོན་ཐོན་འཐུས་མི་
དང་མཇལ་འཛོམས་གནང་བ།

མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་2ཚེས་28ཉིན་གྱི་ཕྱི་དྲོ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་པེ་ཅིང་དུ་སྐབས་བཞི་པའི་རྒྱལ་ཡོངས་ཤེས་དཔལ་གྲོང་ཁྱེར་དང་། ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ། ཤེས་དཔལ་ཚན་པ། ན་སོ་དར་ལ་མ་བབས་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལས་དོན་བཅས་ཀྱི་སྔོན་ཐོན་འཐུས་མི་དང་བྱམས་བརྩེའི་ངང་མཇལ་འཛོམས་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་མི་དམངས་ལ་དད་སེམས་ཡོད་ཚེ་མི་རིགས་ལ་རེ་བ་དང་རྒྱལ་ཁབ་ལ་སྟོབས་ཤུགས་ཡོད། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་དངོས་པོའི་རྒྱུ་ནོར་ཧ་ཅང་ཕུན་སུམ་ཚོགས་པོ་དགོས་ལ་བསམ་པའི་རྒྱུ་ནོར་ཡང་ཧ་ཅང་ཕུན་སུམ་ཚོགས་པོ་དགོས། ང་ཚོས་རྒྱུན་སྲིང་ལྷོད་མེད་ངང་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་དམ་འཛིན་ཡག་པོ་བྱས་ཏེ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྒྱུན་ཆད་མེད་པར་མདུན་སྐྱོད་བྱ་ཆེད་བསམ་བློའི་འགན་ལེན་བརྟན་པོ་དང་། བསམ་པའི་སྟོབས་ཤུགས་ཆེན་པོ། ཀུན་སྤྱོད་བློ་སྦྱོང་ཕུན་སུམ་ཚོགས་པོ་བཅས་མཁོ་འདོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
        ཞིས་ཅིན་ཕིང་གིས་སྒྱུར་བཅོས་སྒོ་དབྱེའི་ཐོག་མའི་དུས་སུ་རང་རེའི་ཏང་གིས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་འཐབ་ཇུས་ཀྱི་ལས་འགན་གསར་གཏོད་རང་བཞིན་གྱི་སྒོ་ནས་བཏོན་པ་དང“ཕྱོགས་གཉིས་དམ་འཛིན་དང་ཕྱོགས་གཉིས་ཀ་དམ་འཛིན་ནན་པོ་བྱེད་དགོས་པའི”འཐབ་ཇུས་ཀྱི་མཛད་ཕྱོགས་གཏན་འཁེལ་བྱས་ཡོད། ལོ་30ལྷག་ཙམ་རིང་རང་རྒྱལ་གྱི་མི་དམངས་དུང་ཕྱུར་དུ་མས་དངོས་པོའི་དཔལ་ཡོན་འཕེལ་རྒྱས་ཀྱི་འཛམ་གླིང་གི་ངོ་མཚར་བཏོད་ཡོད་པ་མ་ཟད། བསམ་པའི་དཔལ་ཡོན་འཕེལ་རྒྱས་ཀྱི་གཡུར་ཟའི་གྲུབ་འབྲས་ཀྱང་བཏོད་ནས་བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་ཕུལ་བྱུང་མི་སྣ་དང་སྔོན་ཐོན་དཔེ་མཚོན་འབོར་ཆེན་ཞིག་ཐོན་ཡོད། ཁྱེད་ཚོ་ནི་དེ་དག་ཁྲོད་ཀྱི་འཐུས་མི་རེད་ཅེས་གསུངས་པ་རེད།
        ཞིས་ཅིན་ཕིང་གིས་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་བློ་སེམས་གཅིག་སྒྲིལ་ངང་མདུན་སྐྱོད་བྱེད་པར་ངེས་པར་དུ་ཐུན་མོང་གི་ཕུགས་བསམ་དང་དད་སེམས་ཀྱིས་འདེགས་སྐྱོར་བྱེད་དགོས། ང་ཚོས་ཏང་ཡོངས་དང་སྤྱི་ཚོགས་ཡོངས་སུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་དྲིལ་བསྒྲགས་སློབ་གསོ་རྒྱུན་མཐུད་གཏིང་ཟབ་ངང་སྤེལ་ཐོག་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ་དང་དྲང་བདེན་གྱི་གླུ་དབྱངས་བླངས་ནས་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་ཕུགས་བསམ་དང་དད་སེམས་ཀྱི་སྒྲོན་མེའི་འོད་ཟེར་དེ་དུས་ནམ་ཡང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སེམས་ནང་འཕྲོ་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
        ཞིས་ཅིན་ཕིང་གིས“ཕྱོགས་གཉིས་དམ་འཛིན་དང་ཕྱོགས་གཉིས་ཀ་དམ་འཛིན་ནན་པོ་བྱ་རྒྱུ”མཐའ་འཁྱོངས་ཀྱིས་རྩོད་སྒྲུབ་དང་། ཁྱོན་ཡོངས། དོ་སྙོམས་བཅས་ཀྱི་ལྟ་བའི་ཐོག་ནས་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གྱི་འབྲེལ་བ་ཡང་དག་པའི་ངང་ཐག་གཅོད་བྱེད་པ་དང་། བསམ་པའི་དཔལ་ཡོན་སྲོལ་གཏོད་བྱ་རྒྱུ་དེ་སྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་གྱི་བརྒྱུད་རིམ་ཆ་ཚང་དང་སྤྱི་ཚོགས་འཚོ་བའི་ཕྱོགས་ཁག་ལ་ཁྱབ་པ་བྱས་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་གུང་ཁྲན་ཏང་མིའི་འཇིག་རྟེན་གྱི་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ་བཅས་དར་སྤེལ་ཤུགས་ཆེན་བཏང་ནས་གུང་ཁྲན་ཏང་མིའི་བསམ་པའི་ཁྱིམ་གཞིས་བརྟན་སྲུང་བྱེད་པ་དང་། སྤྱི་ཚོགས་ཀྱི་སྤྱི་པའི་སྤྱོད་བཟང་དང་། ལས་རིགས་ཀུན་སྤྱོད། ཁྱིམ་ཚང་གི་སྤྱོད་བཟང་། མི་སྒེར་གྱི་ཀུན་སྤྱོད་བཅས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་ཡོངས་སུ་ཀུན་སྤྱོད་གོང་བཀུར་དང་དགེ་ལས་ལ་ཕྱོགས་པའི་རྣམ་པ་ཟབ་མོ་གཏོད་པ། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་ཤུགས་ཆེན་གཏོང་བ་དང་ཏང་སྲོལ་དང་། སྲིད་སྲོལ། སྤྱི་ཚོགས་ཀྱི་གོམས་སྲོལ། ཁྱིམ་སྲོལ་བཅས་འཛུགས་སྐྱོང་ལ་ཤུགས་སྣོན་ཆེན་པོ་རྒྱག་པ་དང་ལྷག་པར་དུ་རྒྱ་ཆེའི་གཞོན་ནུ་ལོ་ཆུང་གི་སེམས་ནང་ཀྲུང་ཧྭ་མི་རིགས་རིག་གནས་ཀྱི་གཞི་རྒྱུའི་རྩ་བ་ཚུགས་པ་དང་མྱུ་གུ་འབུས་པ་བཅས་བྱེད་དགོས། མིག་དཔེའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་འགོ་ཁྲིད་མི་སྣ་དང་། སྤྱི་པའི་གྲགས་ཅན་མི་སྣ། སྔོན་ཐོན་དཔེ་བཟང་བཅས་ཚང་མས་སྤྱི་ཚོགས་ཡོངས་ལ་མིག་དཔེ་དང་དཔེ་མཚོན་ནུས་པ་བཏོན་ཏེ་མི་དམངས་ཡོངས་ཀྱིས་ཤེས་དཔལ་གྱི་ལྟ་བ་འཛུགས་པ་དང་། ཤེས་དཔལ་ལྡན་པའི་སྤྱི་དམངས་བརྩོན་ལེན་བྱེད་པ། ཤེས་དཔལ་གྱི་གཟུགས་བརྙན་མངོན་པ་བཅས་བྱ་རྒྱུར་ཁྲིད་སྟོན་དང་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
        ཞིས་ཅིན་ཕིང་གིས་དུས་རབས་ཀྱི་མདུན་དུ་ལངས་པ་དང་སྤྱོད་བཟང་སྔོན་དུ་བྱ་རྒྱུར་ཁྲིད་སྟོན་བྱས་ཚེ། གཞི་ནས་བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་ཟིལ་ཤུགས་མངོན་ཐུབ། མིག་སྔར་སྤྱི་ཚོགས་ཐོག་བསམ་བློ་འཁྲུག་ཆ་དོད་པ་དང་ལྟ་བ་མི་འདྲ་བ་ཐོན་ཡོད། དྲ་སྦྲེལ་སོགས་ལག་རྩལ་གསར་པ་དང་སྨྱན་སྦྱོར་གསར་པ་ཉིན་རེ་བཞིན་ཐོན་བཞིན་ཡོད་པས། ང་ཚོས་དུས་བབ་རྟོགས་དཔྱོད་དང་བབ་བསྟུན་སྣེ་ཁྲིད་ཀྱིས་ནང་དོན་དང་གཞི་རྟེན་གསར་གཏོད་བྱེད་པ་དང་བྱེད་ཐབས་ལེགས་སུ་བཏང་ནས་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་ཐོག་མཐའ་བར་གསུམ་དུ་སྐྱེ་སྟོབས་དང་གསོན་ཤུགས་ཀྱིས་ཁེངས་པ་བྱེད་དགོས། བསམ་པའི་དཔལ་ཡོན་སྲོལ་གཏོད་དམ་འཛིན་བྱེད་པར་བྱ་བ་དངོས་སྒྲུབ་པ་དང་ཕན་འབྲས་ལ་སྣང་ཆེན་བྱེད་དགོས། མི་དམངས་ཀྱི་བདེ་རྩར་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་ནས་དར་སྤེལ་གཏོང་དགོས་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་པའི་མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་ཧུར་ཐག་སྐོང་དགོས། རིམ་ཁག་ཏང་ཨུད་ཀྱིས་རང་འགན་ཧུར་ཐག་འཁུར་ནས་བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་ལས་དོན་ཁག་དམ་འཛིན་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ལིའུ་ཡུན་ཧྲན་གྱིས་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་འཐུས་མིར་བྱམས་བརྩེའི་ངང་མཇལ་འཛོམས་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་དེ་ཐོག་ནས་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་གང་ལེགས་མཚོན་ཡོད། དེ་ནི་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་སྐུལ་འདེད་གཏོང་བའི་ནུས་ལྡན་གྱི་སྐུལ་སློང་ཞིག་དང་ང་ཚོས་ལས་དོན་ཡག་པོ་སྒྲུབ་པའི་སྲུང་བྱ་གལ་ཆེན་ཞིག་ཡིན་པས་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་ལག་བསྟར་དོན་འཁྱོལ་ཧ་ཅང་ཡག་པོ་བྱེད་དགོས་ཞེས་གསུངས་ཤིང་། ལིའུ་ཡུན་ཧྲན་གྱིས་དུས་བབ་གསར་པའི་འོག་གི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལས་དོན་ཡག་པོ་སྒྲུབ་པའི་གལ་འགངས་ཆེ་ཤོས་ཤིག་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སྤྱད་དེ་བསམ་བློ་དང་བྱ་སྤྱོད་གཅིག་གྱུར་ཡོང་བ་བྱེད་པ་དང་། “ཕྱོགས་གཉིས་དམ་འཛིན་དང་ཕྱོགས་གཉིས་ཀ་དམ་འཛིན་ནན་པོ་བྱེད་པའི”རང་རྟོགས་ཆེ་རུ་བཏང་ནས་བརྗོད་བྱ་གཙོ་བོ་དར་སྤེལ་དང་། དྲང་ནུས་གཅིག་སྡུད། དར་སྲོལ་གསར་པ་འཛུགས་པ་བཅས་བྱས་ཏེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་བསམ་པའི་སྟོབས་ཤུགས་མཁོ་འདོན་བྱེད་དགོས། “ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ནས་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་སྐུལ་འདེད་བཏང་སྟེ་ཐུན་མོང་གི་ངོས་འཛིན་གཅིག་ཏུ་འགྲིལ་བ་དང་། ཡིད་ཆེས་བརྟན་དུ་གཏོང་བ་། ངར་ཤུགས་འཕེལ་བ་བཅས་ཀྱི་ལས་དོན་མང་ཙམ་བསྒྲུབ་དགོས་པ་དང་ཚན་རིག་དང་མཐུན་པའི་སྤྱི་འདོམས་ཀྱི་བསམ་བློ་གཏོང་སྟངས་འཛུགས་པ་དང་། སྒྱུར་བཅོས་གསར་གཏོད་ཀྱི་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། ཁྲིམས་སྐྱོང་ཁྲིད་སྟོན་གྱི་ལག་ལེན་དངོས་ཀྱི་ཕྱོགས་སྟོན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། བསམ་པའི་དཔལ་ཡོན་སྲོལ་གཏོད་ལས་དོན་ལེགས་སུ་གཏོང་བ་དང་གསར་གཏོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་འཛུགས་སྐྱོང་ལ་རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་ཡག་པོ་བྱས་ཏེ་ཏང་ཡོན་ལས་བྱེད་པ་དང་སྤྱི་གྲགས་མི་སྣའི་དཔེ་སྟོན་ནུས་པ་འདོན་སྤེལ་དང་གཞོན་ནུ་ལོ་ཆུང་གི་སློབ་གསོ་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་ཆབས་ཅིག་ཁྱིམ་ཚང་ལ་སྣང་ཆེན་དང་། ཁྱིམ་ཚང་སློབ་གསོར་སྣང་ཆེན། ཁྱིམ་སྲོལ་ལ་སྣང་ཆེན་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་ཁྱིམ་ཚང་གི་སྤྱོད་བཟང་དར་རྒྱས་གོང་འཕེལ་གཏོང་དགོས། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་བསམ་པའི་ནང་དོན་ཟབ་ཏུ་གཏོང་བ་དང་། ཟོལ་མེད་གཞུང་དྲང་ལ་ཤུགས་སྣོན་རྒྱག་པ། དམངས་ཆེད་དང་དམངས་ཕན་མཐའ་འཁྱོངས་བཅས་བྱས་ཏེ་མང་ཚོགས་ལ་བསམ་འཆར་ཆེན་པོ་ཡོད་པའི་མངོན་གསལ་དོད་པའི་གནད་དོན་གཙོ་གནད་ཐོག་ཐག་གཅོད་བྱེད་དགོས། ལུའེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུ་རྒྱུན་རྣམ་ཅན་ལ་འགྱུར་རྒྱུར་སྐུལ་འདེད་བཏང་ནས་ལུའེ་ཧྥུང་གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། སྔོན་ཐོན་དཔེ་མཚོན་གྱི་མི་སེམས་འགུལ་བའི་བྱས་རྗེས་དང་བླ་ན་མེད་པའི་གཤིས་རྒྱུད་དྲིལ་བསྒྲགས་བྱེད་པ། དང་བླངས་ཞབས་ཞུའི་ཕུགས་ཕན་ལམ་སྲོལ་ཆགས་པ་བཅས་བྱས་ནས་མི་རྣམས་ཀྱི་དགེ་ལས་ལ་ཕྱོགས་པ་དང་ཡར་རྒྱས་བརྩོན་ལེན་གྱི་འདུན་པ་བཟང་པོ་འཕེལ་བ་བྱེད་དགོས། བསམ་པའི་དཔལ་ཡོན་སྲོལ་གཏོད་ནི་ཕུགས་བསམ་དང་དད་སེམས་བརྟན་གཏོང་དང་། བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་། ཤེས་དཔལ་སྲོལ་བཟང་དར་སྤེལ་བཅས་བྱ་རྒྱུ་དེ་ཡིན་པས། དངོས་འཛིན་དངོས་སྒྲུབ་བྱེད་པ་ལས་རྣམ་པ་ཙམ་གཏན་ནས་སྟོན་མི་རུང་བ་དང་བདེན་འཚོལ་དང་། དངོས་སྒྲུབ། དོན་འཁྱོལ་བཅས་ཀྱི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་བཏང་ནས་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་དཔྱད་ཐུབ་པའི་གྲུབ་འབྲས་དངོས་ཧུར་ཐག་གཏོད་དགོས་ཞེས་གསུངས་པ་རེད།