མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སྒྱུར་བཅོས་ལས་ཀྲུང་གོའི་འགྲོ་ལམ་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཡངས་ཤིང་རྒྱ་ཆེར་ཕྱིན་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་04ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

ལོ་རྒྱུས་ནི་འདས་ཟིན་པའི་དོན་དངོས་ཤིག་དང་དོན་དངོས་ནི་འབྱུང་འགྱུར་གྱི་ལོ་རྒྱུས་ཤིག་ཡིན། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པ་མཚོན་བྱེད་དུ་བྱས་པའི་བརྗིད་རླབས་ཆེ་བའི་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ད་བར་ལོ་ངོ་30ལྷག་ཙམ་ལོ་རྒྱུས་ཀྱི་ལམ་བུ་བརྒྱུད་ཡོད་པ་དང་། ད་ལྟ་ནས་བཟུང་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་100འཁོར་སྐབས་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བར་ལའང་ཧ་ལམ་ལོ་30ལྷག་ཙམ་ལས་མེད། ལོ་རྒྱུས་ཀྱི་དུས་སྐབས་དེ་འདྲའི་ཐོག་གནས་པའི་དུས་སུ་སྒྱུར་བཅོས་ལ་བརྟེན་ནས་ཀྲུང་གོའི་འགྲོ་ལམ་དེ་བས་རྒྱ་ཆེར་གཏོང་དགོས་པ་དང་། ང་ཚོས་ཇི་ལྟར་བྱས་ནས་སྒྱུར་བཅོས་ཀྱི་སྒུལ་ཤུགས་འཕེལ་བར་བྱེད་དགོས་སམ།
          “སྒྱུར་བཅོས་སྒོ་དབྱེ་ནི་ཀྲུང་གོའི་ལས་དབང་གཏན་འཁེལ་བྱེད་པའི་འགག་རྩའི་བྱ་ཐབས་ཤིག་ཡིན་ལ‘ལོ་བརྒྱ་གཉིས’ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་མིན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཐུབ་མིན་རག་ལས་སའི་འགག་རྩའི་བྱ་ཐབས་ཤིག་ཀྱང་ཡིན”ཞེས་འགན་བཞེས་ནས་ཟླ་གཅིག་ཀྱང་མ་ཕེབས་པར“སྒྱུར་བཅོས་སྒོ་དབྱེ་སྔོན་དུ་བྱེད་ཁུལ”ཀོང་ཏུང་དུ་རྟོག་ཞིབ་གནང་ནས“སྒྱུར་བཅོས་བྱེད་མཚམས་འཇོག་མི་རུང་བ་དང་སྒོ་དབྱེ་མཚམས་འཇོག་བྱེད་མི་རུང”ཞེས་གསུངས་པ་ནས“ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་སྒྱུར་བཅོས་སྒོ་ཀུན་ནས་གཏིང་ཟབ་ཏུ་གཏོང་རྒྱུ་བརྗོད་བྱ་གཙོ་བོར་གཏན་འཁེལ་གྱིས་སྒྱུར་བཅོས་ཀྱི་འཆར་གཞི་གསར་པ་བཀོད་གནང་བ་དང་སྒྱུར་བཅོས་ཀྱི་སྐུལ་སློང་གི་དུང་བརྡ་སྒྲོག་པའི་བར་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་ནས་དང་ལོ་རྒྱུས་ཀྱི་མཐོ་ཚད་ཐོག་ནས་སྒྱུར་བཅོས་སྒོ་ཀུན་ནས་གཏིང་ཟབ་ཏུ་གཏོང་རྒྱུའི་འཐབ་ཇུས་བཀོད་སྒྲིག་ཁ་གསལ་གནང་སྟེ་སྒྱུར་བཅོས་ཀྱི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་ཐད་གལ་ཆེའི་ཚད་བརྒལ་རབ་དང་རིམ་པ་ཡོང་བ་གནང་བས་སྒྱུར་བཅོས་སྒོ་ཀུན་ནས་གཏིང་ཟབ་ཏུ་གཏོང་བའི་གལ་ཆེའི་འཐབ་ཇུས་ཀྱི་དགོངས་པ་གྲུབ་ཡོད། གལ་ཏེ་སྒྱུར་བཅོས་སྒོ་དབྱེ་ནི་དེང་རབས་ཀྲུང་གོའི་ཁྱད་ཆོས་མངོན་གསལ་དོད་ཤོས་དེ་ཡིན་ཞེས་བརྗོད་ཚེ་དེ་བས་ཆེ་བའི་ཆབ་སྲིད་ཀྱི་བློ་སྟོབས་དང་བློ་གྲོས་ལ་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་བཏང་སྟེ་ཁྱོན་ཡོངས་ཀྱི་འདུ་ཤེས་དང་བརྒྱུད་རིམ་ལྡན་པའི་བསམ་བློ་གཏོང་སྟངས་ལ་བརྟེན་ནས་སྒྱུར་བཅོས་དོན་གཉེར་བྱེད་པ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཁྱད་ཆོས་མངོན་གསལ་དོད་ཤོས་དེ་ཡིན། ཏང་གི་སྒྱུར་བཅོས་ཀྱི་ཐབས་ཇུས་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པ་དང་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེ་གནས་གསར་པ་ཞིག་ཏུ་སླེབས་ཡོད”
        ཁ་ཕྱོགས་ཐད་ནས་བརྗོད་ཚེ“སྒྱུར་བཅོས་སྒོ་དབྱེ་ནི་ཁ་ཕྱོགས་དང་། ལངས་ཕྱོགས། རྩ་དོན་བཅས་ཡོད་པ”ཞིག་དང“རྒྱུན་ཆད་མེད་པར་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རང་ངོས་འཐུས་ཚང་དང་གོང་འཕེལ་གཏོང་བ་ཞིག་ཡིན་པ་ལས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་འགྱུར་ལྡོག་བཏང་བ་ཞིག་མིན”དང་། དམིགས་ཡུལ་ཐད་ནས་བརྗོད་ཚེ“ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་གོང་འཕེལ་བཏང་ནས་རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་ཞིག་ཡིན” བསམ་ཕྱོགས་ཐད་ནས་བརྗོད་ཚེ“འཐབ་ཇུས་ཀྱི་བསམ་བློ་དང་། རྩོད་སྒྲུབ་ཀྱི་བསམ་བློ། ཁྲིམས་སྐྱོང་གི་བསམ་བློ། བརྒྱུད་རིམ་ལྡན་པའི་བསམ་བློ། མ་མཐའི་མཚམས་ཐིག་གི་བསམ་བློ། གསར་གཏོད་ཀྱི་བསམ་བློ”བཅས་རྒྱུན་འཁྱོངས་བྱེད་དགོས་པ། འབྲེལ་བའི་ཐད་ནས་བརྗོད་ཚེ“བསམ་བློར་བཅིངས་འགྲོལ་གཏོང་རྒྱུ་དང་དངོས་ཐོག་བདེན་འཚོལ་གྱི་འབྲེལ་བ་དང་། མཉམ་དུ་སྐུལ་སྤེལ་དང་གཙོ་གནད་ཚད་བརྒལ་ཡོང་བ་བྱེད་པའི་འབྲེལ་བ། རིམ་མཐོའི་ཇུས་འགོད་དང་མཐིལ་རྟོགས་དང་འཚོལ་ཞིབ་ཡང་ཡང་བྱེད་པའི་འབྲེལ་བ། བློ་ཁོག་ཆེན་པོ་དང་གོམ་སྟབས་བརྟན་པོ་སྤོ་བའི་འབྲེལ་བ། སྒྱུར་འཕེལ་བརྟན་གསུམ་གྱི་འབྲེལ་བ”བཅས་ཐག་གཅོད་ཡག་པོ་བྱེད་དགོས་པ། དོན་འཁྱོལ་ཐད་ནས་བརྗོད་ཚེ“ཡང་དག་པའི་ངང་སྒྱུར་བཅོས་ལ་སྐུལ་སྤེལ་དང་། གནད་ལ་འཁེལ་བའི་ངང་སྒྱུར་བཅོས་ལ་སྐུལ་སྤེལ། གོ་རིམ་ལྡན་པའི་ངང་སྒྱུར་བཅོས་ལ་སྐུལ་སྤེལ། མཐུན་སྦྱོར་ངང་སྒྱུར་བཅོས་ལ་སྐུལ་སྤེལ་བཅས་གཏོང་དགོས”ཞེས་པ་སོགས་ཁ་གསལ་ལ་གཏིང་ཟབ་པའི་བསམ་ཕྱོགས་དང་། གཏན་ཚིག་ཟབ་པའི་རྒྱས་གླེང་། རླབས་ཆེ་ལ་དོན་ཟབ་པའི་བཀོད་སྒྲིག་བཅས་ཀྱི་སྒྱུར་བཅོས་སྒོ་ཀུན་ནས་གཏིང་ཟབ་ཏུ་གཏོང་རྒྱུའི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་དགོངས་པས་ཀྲུང་གོའི་རེས་སྐོར་གསར་པའི་སྒྱུར་བཅོས་ཁ་ཕྱོགས་གསལ་སྟོན་དང་ཐབས་ལམ་དེ་བས་ཁ་གསལ་དུ་ཕྱིན་ཡོད། “སྒྱུར་བཅོས་སྒོ་ཀུན་ནས་གཏིང་ཟབ་ཏུ་གཏོང་འགོ་ཚུགས་པའི་ལོ”ཞེས་འབོད་པའི་2014ལོར་སྒྱུར་བཅོས་ཐད་སྐུལ་སྤེལ་མགྱོགས་མྱུར་གཏོང་བའི་རྣམ་པ་མངོན་ཡོད་པ་དང་སྒྱུར་བཅོས་སྒོ་ཀུན་ནས་གཏིང་ཟབ་ཏུ་གཏོང་བའི་ཀྲུང་དབྱང་འགོ་ཁྲིད་ཚོགས་ཆུང་གིས་གཏན་འཁེལ་གནང་བའི་གཙོ་གནད་སྒྱུར་བཅོས་ཀྱི་ལས་འགན་ཁག་80སྤྱིར་ན་ལེགས་གྲུབ་ཟིན་པ་མ་ཟད། ཀྲུང་དབྱང་འབྲེལ་ཡོད་སྡེ་ཚན་གྱིས་ཀྱང་སྒྱུར་བཅོས་ལས་འགན་ཁག་108ལེགས་སྒྲུབ་བྱས་པ་དང་སྒྱུར་བཅོས་བྱ་ཐབས་ཁག་370བཏོན་པ་སོཌ་ཀྱི་གྲངས་འབོར་མང་བ་དང་། ཐེངས་གྲངས་མང་བ། སྤེལ་ཤུགས་ཆེ་བ། སྔར་བྱུང་མྱོང་མེད་པ་བཅས་ཡོད། སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་བཀོད་སྒྲིག་དེ་རེས་སྐོར་གསར་པའི་སྒྱུར་བཅོས་ཀྱི་འཕེལ་ཕྱོགས་ཆེན་པོ་ཞིག་ཏུ་འགྱུར་བཞིན་ཡོད།
         ཁྱོན་ཡོངས་དོན་གཉེར་བྱེད་མཁན་མིན་ཚེ་ཕྱོགས་གཅིག་དོན་གཉེར་བྱེད་པའི་ནུས་པ་མེད། སྒྱུར་བཅོས་སྒོ་ཀུན་ནས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་རྣམ་བཤད་རབ་དང་རིམ་པ་ལེགས་སྒྲིག་བྱེད་པའི་རྩ་བ“སྒྱུར་བཅོས”ལ་ཐུག་པ་དང་། འགག་རྩ་ནི“གཏིང་ཟབ་ཏུ་གཏོང་རྒྱུ” གཙོ་གནད་ནི“སྒོ་ཀུན”ལ་ཐུག་ཡོད། ཤེས་རྟོགས་སྨྲ་བའི་ཐོག་མཚོན་པར་བྱེད་རྒྱུ་ནི་བརྒྱུད་རིམ་ལྡན་པའི་བསམ་བློ་རྒྱུན་འཁྱོངས་དང་། གཅིག་དཔེ་བརྒྱ་འགེབས་བྱེད་མི་རུང་བའི་ནན་བཤད། ཕྱོགས་གཅིག་ཁོ་ན་ནས་གོ་བ་ལེན་མི་རུང་། དཔེར་ན་སྒྱུར་བཅོས་སྒོ་ཀུན་ནས་གཏིང་ཟབ་ཏུ་གཏོང་བའི་སྤྱིའི་དམིགས་ཚད་ལ་མཚོན་ན“ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་གོང་འཕེལ་གཏོང་རྒྱུ”དང“རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་མ་ལག་དང་བཅོས་སྐྱོང་བྱེད་ནུས་དེང་རབས་ཅན་དུ་འགྱུར་བ་བྱེད་པ”ནི་དམ་དུ་འབྲེལ་བའི་ཚོགས་སྤྱི་ཞིག་ཡིན་པས་གཅིག་བཟུང་གཅིག་ཤོར་དང་ལུང་ཚིག་ལོག་འདྲེན་བྱེད་མི་རུང་། དཔེར་ན“ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པར་སྣང་ཆེན་བྱེད་དགོས”ལ“དེ་བས་ལེགས་པའི་ངང་སྲིད་གཞུང་གི་ནུས་པ་འདོན་སྤེལ་བྱ་རྒྱུར་ཡང་སྣང་ཆེན་བྱེད་དགོས”དང་། “ཇི་ལྟར་བྱས་ནས་སྒྱུར་བཅོས་སྒོ་དབྱེའི་གྲུབ་འབྲས་བགོ་བཤའ་རྒྱག་རྒྱུར་སྣང་ཆེན་བྱེད་དགོས”ལ“ཇི་ལྟར་བྱས་ནས་སྒྱུར་བཅོས་སྒོ་དབྱེའི་གྲུབ་འབྲས་ཆེ་རུ་གཏོང་རྒྱུར་ཡང་སྣང་ཆེན་བྱེད་དགོས” དེའང་མདོར་བསྡུས་ནས་བརྗོད་ཚེ་སྒྱུར་བཅོས་སྒོ་ཀུན་ནས་གཏིང་ཟབ་ཏུ་གཏོང་རྒྱུ་ནི་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་ཁེ་ཕན་དང་། གཞི་རྩའི་ཁེ་ཕན། ཕུགས་ཀྱི་ཁེ་ཕན་བཅས་ལ་དམིགས་ནས་བཀོད་སྒྲིག་བྱས་པ་ཞིག་ཡིན་པས་དེ་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ཕན་པ་ཡོད་པ་དང་། རྒྱ་ཆེའི་མི་དམངས་ཀྱི་ཁེ་ཕན་ལ་ཕན་པ་ཡོད་པ། ཏང་དང་རྒྱལ་ཁབ་དར་རྒྱས་གོང་འཕེལ་དང་ཡུན་རིང་བདེ་འཁོད་ལ་ཕན་པ་ཡོད་པས་སྒྱུར་བཅོས་བྱེད་དགོས་རིགས་བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་བྱེད་དགོས།
         སྒྱུར་བཅོས་སྒོ་དབྱེ་ནི་བརྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་ཡིན་པས་ངེས་པར་དུ་སྒྱུར་བཅོས་སྒོ་ཀུན་ནས་བྱེད་དགོས་པ་དང་སྒྱུར་བཅོས་ཁག་ལ་མཐུན་སྦྱོར་གཞོགས་འདེགས་ཁྲོད་སྐུལ་འདེད་གཏོང་དགོས། བརྟག་ཐབས་སྨྲ་བའི་ཐད“དོན་དག་ཆེ་ཆུང་ལ་གཞིགས་ནས་འཆར་གཞི་འདིང་དགོས་པ་དང་། གལ་ཆེ་ཆུང་ལ་གཞིགས་ཏེ་བཀོད་སྒྲིག་བྱེད་དགོས་པ། གོང་འོག་མཉམ་འབྲེལ་གྱིས་སྦྲེལ་མཐུད་བྱེད་དགོས་པ། ཕྱི་ནང་གི་གནས་ཚུལ་ལ་གཞིགས་ཏེ་ཇུས་གཞི་འདིང་དགོས་པ”དང་། སྒྱུར་བཅོས་བྱ་ཐབས་ཁག་དབར་གྱི་འབྲེལ་བ་དང་མཐུན་འགྱུར་རང་བཞིན་ལ་བསམ་བློ་གང་ལེགས་བཏང་སྟེ་འཕྲལ་ཕུགས་ཕན་ཚུན་གཅིག་གྱུར་དང་། སྤྱི་ཡོངས་དང་ཆ་ཤས་ཟུང་འབྲེལ། རིམ་བགྲོད་དང་ཚད་བརྒལ་སྦྲེལ་མཐུད། ཕྱོགས་ཁག་གི་ཁེ་ཕན་གྱི་འབྲེལ་བ་མཐུན་སྦྱོར་བཅས་བྱས་ཏེ་ཚད་གཞི་ཆེ་ཤོས་ཐོག་ནས་འགོག་རྐྱེན་སེལ་དགོས། དེ་དང་ཆབས་ཅིག་སྤྱི་ཡོངས་ལ་གཞི་ཚུགས་ཏེ་དོན་ཆེན་ལ་དམ་འཛིན་དང“འགག་རྩར”དམ་འཛིན་བྱེད་མཁས་པོ་བྱེད་དགོས་པ་མ་ཟད། ཁྱབ་ཁོངས་གལ་ཆེན་དང་འགག་རྩའི་ལྷུ་ཚིགས་ཚད་བརྒལ་ཡོང་གཞིར་བྱེད་པ་དང་། གནད་དོན་ཆུང་ངུ་ཞིག་གིས་སྤྱི་ཡོངས་ལ་ཤུགས་རྐྱེན་ཐེབས་པའི་འགག་རྩའི་གནད་ལ་གཅིག་སྡུད་ཐོག་ཤུགས་སྣོན་བརྒྱབ་སྟེ་སྒྱུར་བཅོས་ཀྱི་བྱ་ཐབས་ཁག་སྲིད་ཇུས་སྒྱུར་ཕྱོགས་ཐད་ཕན་ཚུན་གཞོགས་འདེགས་དང་། ལག་བསྟར་བྱེད་རིང་ཕན་ཚུན་སྐུལ་འདེད། དོན་དངོས་ཕན་འབྲས་མངོན་པ། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བ་བྱེད་པའི་ཐད་སྤྱིའི་ནུས་པ་དང་ཕན་འབྲས་ཐོན་པ་བྱེད་དགོས།
         བློ་སྟོབས་ཆེར་བསྐྱེད་ཀྱིས་མེས་རྒྱལ་འཛུགས་སྐྲུན་བྱེད། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་30སོང་བའི་བརྒྱུད་རིམ་ནང་ཀྲུང་གོའི་སྒྱུར་བཅོས་སླ་བ་ནས་དཀའ་བ་དང་། ཆ་ཤས་ནས་སྤྱི་ཡོངས། འཕར་ཚད་ནས་འབོར་ཚད་བཅས་བར་རིམ་བཞིན་བྱས་ཡོད། ད་ཆའི་སྒྱུར་བཅོས་ལ་འཕྲད་པའི་དཀའ་ངལ་ནི་གཅིག་ལ་གཅིག་སྦྲེལ་ཡིན་པས་གཅིག་དམ་འཛིན་བྱས་ཚེ་གཞན་ལའང་ཤུགས་རྐྱེན་ཐེབས་ཀྱི་ཡོད་པས་ངེས་པར་དུ་སྒྱུར་བཅོས་སྒོ་ཀུན་ནས་བྱེད་དགོས་པ་དང་ཁེ་ཕན་དང་འབྲེལ་བའི་གནད་དོན་སྣ་མང་རྙོག་འཛིང་ཆེ་བ་དང་གཅིག་ལ་གཅིག་བརྟེན་ཡིན་པས་རིམ་མཐོའི་ཇུས་འགོད་བྱེད་དགོས། སྔོན་མ་དང་བསྡུར་ཚེ་ད་ཆའི་སྒྱུར་བཅོས་ལ་སྲ་བརྟན་ཞུམ་མེད་ཀྱི་བྱ་སྤྱོད་དང་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་ལྡན་དགོས་ལ། ཁྱོན་ཡོངས་དང་ཆ་ལག་ཚང་བའི་ཤེས་རྟོགས་སྨྲ་བ་དང་འགག་སྒྲོལ་དཀའ་སེལ་གྱི་བརྟག་ཐབས་སྨྲ་བའང་དགོས། སྒྱུར་བཅོས་སྒོ་དབྱེའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་ཆོད་སྡོམ་གལ་ཆེན་རབ་དང་རིམ་པའི་ནང་། “བསམ་བློ་དང་འདུ་ཤེས་ཀྱི་བཀག་རྒྱ་ལས་སྒྲོལ་བ་དང་ཁེ་ཕན་གྱི་གནད་དོན་ཐག་གཅོད་བྱེད་པའི”བློ་སྟོབས་ལྡན་དགོས་པ་དང་། “མཐོ་སར་གཏུག་ཕོད་པ་དང་དཀའ་བ་ཁྱད་དུ་སད་ནུས་པའི”ཆོད་སེམས་ལྡན་དགོས་པ། “སྒྱུར་བཅོས་སྒོ་དབྱེར་དུས་ད་ལྟ་ལས་དུས་འདས་པ་མེད་པའི”སྙིང་རུས་ཡོད་དགོས་པ། “མིས་འཛེགས་མི་ཐུབ་པའི་རི་དང་བགྲོད་མི་ཐུབ་པའི་ལམ་མེད་པའི”བློ་གཤོགས་ལྡན་དགོས་པ་སོགས་ཀྱིས་དེང་གི་ཀྲུང་གོའི་རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་དང་དུས་རབས་ཀྱི་ཁྱད་ཆོས་ལ་དམིགས་པ་དང་། སྒྱུར་བཅོས་གཏིང་ཟབ་སའི་འགག་སྒྲོལ་དུས་ཀྱི་དམིགས་བསལ་དུས་མཚམས་ལ་ཁ་ཕྱོགས་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འགྲོ་ལམ་གྱི་བླང་བྱ་གསར་པར་འབོད་སྐུལ་ཞུས་པ་བཅས་ལས་དེང་རབས་གུང་ཁྲན་ཏང་མིའི་འགྱུར་མེད་ཀྱི་སྒྱུར་བཅོས་ཀུན་སྤྱོད་དང་། ཁ་གསལ་བའི་སྒྱུར་བཅོས་བློ་སྟོབས། འབད་འབུངས་ཆེར་བསྐྱེད་ཀྱི་སྒྱུར་བཅོས་སྙིང་སྟོབས་བཅས་མངོན་ཡོད། དེང་གི་སྒྱུར་བཅོས་ནི་འགྲན་སློང་ལ་ཁ་གཏད་གཅོག་རྒྱུ་ཁོ་ན་ཙམ་མ་ཡིན་པར་དེ་བས་གལ་ཆེ་བ་ནི་གོ་སྐབས་དམ་འཛིན་བྱ་རྒྱུ་དེ་ཡིན་པ་དང་། འཕྲལ་གྱི་དམིགས་ཡུལ་བསྒྲུབ་རྒྱུ་ཁོ་ནའི་ཆེད་དུ་མ་ཡིན་པར་དེ་བས་གལ་ཆེ་བ་ཞིག་ནི་ཕུགས་ཀྱི་འཆར་འགོད་འདིང་རྒྱུ་དེ་ཡིན་པ། དུས་རབས་ཀྱི་བླང་བྱ་ཙམ་མ་ཡིན་པར་དེ་བས་གལ་ཆེ་བ་ནི་ལོ་རྒྱུས་ཀྱི་འགན་འཁྲི་ཡིན། སྒྱུར་བཅོས་སྒོ་ཀུན་ནས་གཏིང་ཟབ་ཏུ་གཏོང་རྒྱུའི་དམིགས་ཡུལ་ནི་དུས་རབས་ལ་ཁྲིད་སྟོན་བྱེད་པའི་སྟོབས་ཆེའི་སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུ་དེ་ཡིན།
         “སྒོ་ཀུན་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་འོག་ཞིབ་ལྟ་བྱེད་སྐབས་སྒྱུར་བཅོས་ནི་སྒུལ་ཤུགས་ཤིག་ཡིན་ལ་གོང་བུ་འགྲིལ་ཤུགས་ཤིག་དེ་བས་ཡིན་པ་དང་། ཐབས་ཤེས་ཤིག་ཡིན་ལ་བསམ་པའི་ནང་དོན་ཞིག་དེ་བས་ཀྱང་ཡིན། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཐུབ་པ་བྱེད་པར་སྒྱུར་བཅོས་ནི་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བྱེད་པའི་འགྱུར་མེད་ཀྱི་གཏན་ཚིགས་ཤིག་ཡིན་ལ་བརྗིད་ཆེའི་དམིགས་ཚད་དེ་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་ལག་ལེན་ཞིབ་ཕྲ་ཞིག་ཀྱང་ཡིན། སྒོ་ཀུན་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུའི་ངོས་ནས་བརྗོད་ཚེ་སྒྱུར་བཅོས་ནི་དཔུང་པ་མཉམ་གཤིབ་ཀྱི་འབྲལ་ཐབས་མེད་པའི་ལེའུ་ཞིག་ཡིན་པས་སྒྱུར་བཅོས་སྒོ་ཀུན་ནས་གཏིང་ཟབ་ཏུ་གཏོང་བར་ཁྲིམས་སྐྱོང་གི་འགན་ལེན་དགོས་པ་དང་སྒོ་ཀུན་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུར་ཡང་སྒྱུར་བཅོས་གཏིང་ཟབ་བྱེད་དགོས། སྒོ་ཀུན་ནས་ཏང་ནན་པོ་སྐྱོང་རྒྱུའི་ངོས་ནས་བརྗོད་ཚེ་སྒྱུར་བཅོས་ནི་ཏང་གིས་རང་ངོས་དྭངས་གཙང་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བརྗེས། རང་ངོས་མཐོར་གཏོང་བཅས་ཀྱི་གཞི་རྩའི་ཐབས་ལམ་ཞིག་ཡིན་པ་དང་། ཏང་གི་འགོ་ཁྲིད་ནི་སྒྱུར་བཅོས་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་བྱེད་པའི་གཞི་རྩའི་འགན་ལེན་ཞིག་ཡིན། སྒྱུར་བཅོས་སྒོ་ཀུན་ནས་གཏིང་ཟབ་ཏུ་གཏོང་རྒྱུ་དེ“སྒོ་ཀུན་ནས་བཞིའི”ཁྲོད་གནས་གཏན་འཁེལ་དང་ལོ་རྒྱུས་དང་དོན་དངོས་ཀྱི་གནས་ཚད་ཁྲོད་ཁོང་དུ་ཆུད་པ་བྱས་ཚེ་ང་ཚོས་གཞི་ནས་རེས་སྐོར་གསར་པའི་སྒྱུར་བཅོས་དེ་ཁྱབ་ཁོངས་ཁག་ནང་གཅིག་གྱུར་སྐུལ་འདེད་གཏོང་ཐུབ་པ་དང་སྒྱུར་བཅོས་སྒོ་ཀུན་ནས་གཏིང་ཟབ་ཏུ་གཏོང་རྒྱུ་ནི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཡིན་པ་གསར་པོར་རྟོགས་ཐུབ།
         ལག་ལེན་གྱི་འཕེལ་རྒྱས་དང་། བསམ་བློ་བཅིངས་འགྲོལ། སྒྱུར་བཅོས་སྒོ་དབྱེ་བཅས་ནམ་ཡང་ཚར་དུས་མེད། “ད་ཆ་ང་ཚོས་སྒྲུབ་བཞིན་པ་ནི་ཀྲུང་གོས་ལོ་ངོ་སྟོང་ཕྲག་འགའ་ཤས་ནང་སྒྲུབ་མ་མྱོང་བའི་བྱ་བ་ཞིག་ཡིན། སྒྱུར་བཅོས་ཀྱིས་ཀྲུང་གོར་ཤུགས་རྐྱེན་ཐེབས་པ་མ་ཟད། འཛམ་གླིང་ལའང་ཤུགས་རྐྱེན་ཐེབས་སྲིད”སྒྱུར་བཅོས་ཀྱི་བརྒྱུད་རིམ་ལ་ཕྱིར་ལྟ་བྱེད་སྐབས་འདས་དོན་སྔར་བཞིན་སེམས་ནང་གསལ་ལྷང་ངེར་དྲན་འོང་། འགྲན་རྩོད་གཅིག་ཤོར་གཉིས་ཤོར་གྱི་དུས་རབས་ཀྱི་རླབས་རྒྱུན་ཁྲོད་སྒྱུར་བཅོས་སྒོ་ཀུན་ནས་གཏིང་ཟབ་ཏུ་གཏོང་བའི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ་སྒྱུར་བཅོས་ཀྱི་སྟོབས་ཤུགས་གོང་བུ་གཅིག་ཏུ་འགྲིལ་གང་ཐུབ་དང་སྒྱུར་བཅོས་ཀྱི་ཆོད་སེམས་བརྟན་དུ་ཤུགས་ཆེན་བཏང་སྟེ་ང་ཚོས་སླར་ཡང་འཛམ་གླིང་ཡོངས་ལ་ཀྲུང་གོ་གུང་ཁྲན་ཏང་མིའི་ངར་ཤུགས་དང་ཕུགས་འདུན་མཉམ་གནས་ཡིན་པ་དང་། ཆོད་སེམས་དང་བློ་སྟོབས་སྔར་བཞིན་གནས་པས་སྒྱུར་བཅོས་སྒོ་ཀུན་ནས་གཏིང་ཟབ་ཏུ་བཏང་བ་བརྒྱུད་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་རྒྱུན་ཆད་མེད་པར་རྒྱ་བསྐྱེད་དུ་ཕྱིན་ཏེ་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་འཛད་མཐའ་མེད་པའི་སྒུལ་ཤུགས་ཤིག་ཏུ་འགྱུར་ངེས་རེད་ཅེས་གསལ་བསྒྲགས་བྱ་རྒྱུ་ཡིན།
         མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།