མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲང་ཏེ་ཅང་ཀན་སུའུ་ཞིང་ཆེན་གྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་12ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཀྲང་ཏེ་ཅང་ཀན་སུའུ་ཞིང་ཆེན་གྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ།

མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་3ཚེས་10ཉིན་གྱི་སྔ་དྲོར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་ཀན་སུའུ་ཞིང་ཆེན་གྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཤིང་། ཝང་སན་གཡུན་དང་། ལིའུ་ཝུའེ་ཕིང་། འཇམ་དབྱངས་བློ་བཟང་འགྱུར་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་སོགས་འཐུས་མིའི་གཏམ་བཤད་གསན་རྗེས་ཀྲང་ཏེ་ཅང་གིས་མི་དམངས་ལ་བདེ་བ་བསྐྲུན་རྒྱུ་དེ་འགན་འཁྲི་ཆེ་ཤོས་སུ་བརྩིས་ནས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་ལས་དོན་ཏན་ཏན་ཏིག་ཏིག་ངང་ལེགས་པར་སྒྲུབ་དགོས། དམངས་ལ་ཕན་པ་མང་ཙམ་འགྲུབ་པ་དང་དམངས་ཀྱི་སེམས་ཁྲལ་མང་ཙམ་བསལ་ཏེ་མང་ཚོགས་རྣམས་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱེད་དགོས། སྒྱུར་བཅོས་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། སྒྱུར་བཅོས་ཀྱི་བསམ་ཕྱོགས་ཐོག་ནས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་མ་བཏང་སྟེ་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མི་དམངས་མང་ཚོགས་ལ་ཕན་པ་འདོགས་ཐུབ་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་དང་འཕེལ་ཤུགས་དེ་བས་ཆེ་བ་ལྡན་ཐུབ་པ་བྱེད་དགོས། མང་ཚོགས་ཀྱི་དཀའ་ངལ་དངོས་དང་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོར་དམིགས་ཏེ་གཙོ་གནད་མངོན་གསལ་དོད་པོར་འཇོག་པ་དང་འགག་རྩར་དམ་འཛིན་བྱས་ནས་མིག་མཐོང་ལག་ཟིན་གྱི་བྱ་བ་མང་ཙམ་སྒྲུབ་པ་དང་། གཞི་རྩའི་རྒན་གསོ་དང་སྤྱི་ཚོགས་རོགས་སྐྱོར་གྱི་མ་ལག་འཐུས་ཚང་དུ་བཏང་ནས་དམངས་འཚོའི་མཚམས་ཚད་ཡིན་པའི་གཞི་རྩའི་འཚོ་བ་དེ་འགན་ལེན་བྱེད་དགོས། དབུལ་སྐྱོར་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་པ་དང་། སློབ་གསོའི་དབུལ་སྐྱོར་ལ་དམ་འཛིན་ཡག་པོ་བྱེད་པ། ཁྱད་ལྡན་དཔལ་འབྱོར་གོང་འཕེལ་གཏོང་བ། དབུལ་པོའི་གཞི་རྩའི་འཚོ་བའི་འགན་ལེན་གྱི་དྲ་བ་འཛུགས་པ་བཅས་བྱས་ནས་དབུལ་ཕོངས་ས་ཁུལ་གྱི་མི་དམངས་མང་ཚོགས་རྣམས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ལ་སྒོ་ཀུན་ནས་སླེབས་ཐུབ་པ་བྱེད་དགོས། ཀན་སུའུ་ཡིས“ཁུལ་གཅིག་ལམ་གཅིག”གི་འཐབ་ཇུས་གོ་སྐབས་དམ་འཛིན་བྱས་ནས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་སྟེ་འཕེལ་རྒྱས་དེ་བས་ཆེ་བ་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།