མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཡུས་ཀྲེང་ཧྲེང་ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་12ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཡུས་ཀྲེང་ཧྲེང་ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ།

མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་3ཚེས་10ཉིན་གྱི་ཕྱི་དྲོར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཤིང་། ལི་ཅན་ཧྭ་དང་། ལིའུ་ཧུའེ། མ་སན་ཀང་སོགས་འཐུས་མིའི་གཏམ་བཤད་གསན་རྗེས་ཡུས་ཀྲེང་ཧྲེང་གིས་བློ་མཐུན་ཀྲང་ཏེ་ཅང་གིས་གནང་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ལས་དོན་སྙན་སྒྲོན་ལ་རྦད་དེ་མོས་མཐུན་ཡོད་ཅེས་དང་། ཁོང་གིས་ད་ཕན་ལོ་ཤས་རིང་ཉིང་ཞའི་དཔལ་འབྱོར་འཕེལ་རྒྱས་དང་། དམངས་འཚོ་ལེགས་གཏོང་། མི་རིགས་འཆམ་མཐུན། སྤྱི་ཚོགས་ཞི་མཐུན་བཅས་ཡོད་པ་དང་བྱ་གཞག་ཁག་ཚང་མར་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད་ཅེས་གསུངས་པ་རེད།
     ཡུས་ཀྲེང་ཧྲེང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ནན་ཏན་ངང་སློབ་སྦྱོང་དང་ལག་བསྟར་བྱས་རྒྱལ་ཁབ་ཀྱི“ཁུལ་གཅིག་ལམ་གཅིག”འཐབ་ཇུས་ལག་ལེན་བསྟར་བའི་གོ་སྐབས་རྩ་ཆེན་དམ་འཛིན་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་རང་འགུལ་ངང་འཚམ་པ་བྱེད་དགོས་པ་དང་ཏན་ཏན་ཏིག་ཏིག་ངང་ལས་དོན་ཁག་ལེགས་པར་སྒྲུབ་དགོས།སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་གྲུབ་ཆ་ལེགས་སྒྲིག་དང་ཐོན་ལས་རིམ་སྤོར་མགྱོགས་སུ་བཏང་ནས་སློབ་གསོ་དང་། ལས་ཞུགས། དབུལ་སྐྱོར་འགག་སྒྲོལ།སྣོད་བཅུད་འཛུགས་སྐྱོང་སོགས་དམངས་འཚོའི་བྱ་གཞག་ལ་དེ་བས་མཐོང་ཆེན་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་ལེགས་སུ་ཏན་ཏིག་གཏོང་དགོས།ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་དགོངས་དོན་ནན་ཏན་ངང་དོན་འཁྱོལ་བྱེད་པ་དང་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་འགྲོ་ལམ་ཐོག་བསྐྱོད་དེ་མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་།“ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་བརྟན་པོར་འཛུགས་པ།“མོས་སེམས་བཞིར”ཤུགས་སྣོན་རྒྱག་པ་བཅས་བྱས་ནས་མི་རིགས་མཐུན་སྒྲིལ་དང་། སྤྱི་ཚོགས་བརྟན་ལྷིང་། རྒྱལ་ཁབ་གཅིག་གྱུར་བཅས་ལ་སྲུང་སྐྱོང་དེ་བས་ལེགས་པ་བྱེད་དགོས། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་པ་དང་ཆོས་ལུགས་ཀྱི་ཐལ་སྐྱོད་བསམ་བློ་བཀག་འགོག་མཐའ་གཅིག་ཏུ་བྱས་ནས་དད་ལྡན་མང་ཚོགས་ལ་ཐོན་སྐྱེད་གོང་འཕེལ་དང་འཚོ་བ་ལེགས་གཏོང་གི་ཁྲིད་སྟོན་དང་ཆོས་ལུགས་ལམ་ལྷོངས་ཀྱི་རྣམ་པ་བཟང་པོ་མཐའ་འཁྱོངས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།