མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲང་ཀའོ་ལི་ཀོང་ཏུང་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་12ཉིན། 12:52】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ཀྲང་ཀའོ་ལི་ཀོང་ཏུང་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ།

མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་3ཚེས་10ཉིན་གྱི་སྔ་དྲོར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལི་ཀོང་ཏུང་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཤིང་། ཀྲུའུ་ཞའོ་ཏན་དང་། པའེ་ཐེན། ཁྲེན་ཅན་ཧྭ་སོགས་འཐུས་མིའི་གཏམ་བཤད་ནན་ཏན་ངང་གསན་རྗེས་ཀྲང་ཀའོ་ལིས་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་གནང་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ལས་དོན་སྙན་སྒྲོན་ལ་རྦད་དེ་མོས་མཐུན་ཡོད་ཅེས་དང་ཁོང་གིས་ཀོང་ཏུང་ནི་སྒྱུར་བཅོས་སྒོ་དབྱེའི་མདུན་གྲལ་དུ་གནས་པ་དང་དཔལ་འབྱོར་རྒྱུ་སྟོབས་ཆེ་བས་རྒྱལ་ཁབ་ཀྱི་འཕེལ་རྒྱས་རྣམ་པ་ཆགས་སྟངས་ནང་གནས་བབ་གལ་ཆེ་བཟུང་ཡོད། ཀོང་ཏུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ“སྒོ་ཀུན་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་ལྟར་གསར་འབྱེད་གསར་གཏོད་དང་དངོས་འཛིན་དངོས་སྒྲུབ་བྱས་ནས་སྒྱུར་བཅོས་འཕེལ་རྒྱས་ནང་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པ་བྱེད་པ་དང་ལེགས་སྐྱེས་གསར་པ་འབུལ་དགོས།སྒྱུར་བཅོས་དང་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བའི་སྔོན་སྐྱོད་ཁུལ་ཧུར་ཐག་གཏོད་པ་དང་། གསར་གཏོད་ལ་བརྟེན་པའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དམག་ཡག་པོ་ཞིག་བྱེད་པ། དཔལ་འབྱོར་གྲུབ་ཆ་འཐབ་ཇུས་རང་བཞིན་གྱི་ལེགས་སྒྲིག་ཐད་མདུན་དུ་སྐྱོད་པ་བཅས་བྱས་ནས་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་འཛུགས་སྐྱོང་ལ་སྐུལ་མ་མགྱོགས་པོ་གཏོང་བ་དང“ཁུལ་གཅིག་ལམ་གཅིག”འཛུགས་སྐྱོང་ནང་ཧུར་ཐག་ཞུགས་ཏེ་དཔལ་འབྱོར་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།