མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཡོ་རོབ་དབྱི་ཧུའེ་གྲོས་ཚོགས་ཀྱི་ཚོགས་གཙོ་ལ་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་17ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཡོ་རོབ་དབྱི་ཧུའེ་གྲོས་ཚོགས་ཀྱི་ཚོགས་གཙོ་ལ་མཇལ་འཕྲད་གནང་བ།

མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་3ཚེས་16ཉིན་གྱི་ཕྱི་དྲོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཡོ་རོབ་དབྱི་ཧུའེ་གྲོས་ཚོགས་ཀྱི་ཚོགས་གཙོ་ཧྲུའུ་ཨེར་ཚི་ལ་མཇལ་འཕྲད་གནང་བ་རེད།
         ཞིས་ཅིན་ཕིང་གིས་འདི་ལོ་ནི་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་བར་འབྲེལ་བ་བཙུགས་ནས་ལོ་ངོ་40འཁོར་བའི་ལོ་ཡིན། ཕྱོགས་གཉིས་བར་འབྲེལ་བ་བཙུགས་པ་ནས་བཟུང་ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་འཕེལ་རྒྱས་མགྱོ གས་མྱུར་བྱུང་ཡོད། ཀྲུང་གོས་ཡོ་རོབ་ཀྱིས་གཞི་གཅིག་ཏུ་འགྱུར་བའི་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བློ་རྩ་བརྟན་པོ་བྱེད་ཀྱི་ཡིན་པ་དང་། ཐོག་མཐའ་བར་གསུམ་དུ་ཡོ་རོབ་གླིང་གོང་དུ་འཕེལ་བ་དེ་སྣེ་མང་ཅན་དུ་གོང་དུ་འཕེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཏུ་རྩི་བཞིན་ཡོད། ཀྲུང་གོ་དང་ཡོ་རོབ་གླིང་གཉིས་ཀ་དེང་དུས་འཛམ་གླིང་གི་སྟོབས་ཤུགས་གལ་ཆེན་གཉིས་ཡིན་ཞིང་། ཕྱོགས་གཉིས་བར་གྱི་ཁེ་ཕན་མཉམ་འདྲེས་གཏིང་ཟབ་པོ་བྱུང་ཡོད། ན་ནིང་ངས་ཡོ་རོབ་གླིང་ལ་འཚམས་འདྲི་ཞུ་སྐབས་ཕྱོགས་གཉིས་བར་ཐུན་མོང་དུ་ཀྲུང་ཡོའི་བར་་ཞི་བདེ་དང་། འཕར་སྣོན། བསྒྱུར་བཅོས། དཔལ་ཡོན་དར་བ་བཅས་རོགས་ཟླའི་འབྲེལ་བ་ ཆེན་པོ་བཞི་འཛུགས་རྒྱུ་གཏན་འཁེལ་བྱས་ཡོད། མིག་སྔར་རོགས་ཟླའི་འབྲེལ་བ་ཆེན་པོ་བཞི་དེ་ཕྱོགས་གཉིས་ཀྱི་ངོས་འཛིན་གཅིག་མཐུན་གོང་བུར་འགྲིལ་བའི་རྨང་གཞིའི་ཐོག་གོང་དུ་འཕེལ་བཞིན་ཡོད། ཀྲུང་གོ་དང་ཡོ་རོབ་གླིང་གིས་ཐུན་མོང་དུ་འབད་བརྩོན་ཆེན་པོ་བྱས་ཏེ་ཕྱོགས་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་40འཁོར་བ་དེ་ཉིད་འགོ་འཛུགས་ས་གསར་པ་བྱས་ཏེ་མཐོ་རིམ་བར་འགྲོ་འོང་བྱ་རྒྱུ་རྒྱུན་འཁྱོངས་དང་། དངོས་དོན་གཉེར་བའི་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ་རོགས་ཟླའི་འབྲེལ་བ་ཆེན་པོ་བཞི་སྤེལ་བར་མེ་ཏོག་བཞད་ཅིང་གྲུབ་འབྲས་འཐོབ་པར་སྔར་ལས་སྐུལ་འདེད་ཆེན་པོ་གཏོང་དགོས་པའི་རེ་བ་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།