མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཧྭ་ཧྥོ་སློབ་གྲྭ་ཆེན་མོའི་སློབ་གཙོར་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་17ཉིན། 11:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཧྭ་ཧྥོ་སློབ་གྲྭ་ཆེན་མོའི་སློབ་གཙོར་མཇལ་འཕྲད་གནང་བ།

མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་3ཚེས་16ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཧྭ་ཧྥོ་སློབ་གྲྭ་ཆེན་མོའི་སློབ་གཙོ་ཧྥུ་སི་ཐེ་ལ་མཇལ་འཕྲད་གནང་བ་རེད།
         ཞིས་ཅིན་ཕིང་གིས་སློབ་གཙོ་ཧྥུ་སི་ཐེ་ཀྲུང་གོར་འཚམས་འདྲི་གནང་བར་ཕེབས་པར་དགའ་བསུ་ཞུས་པ་དང་། ཁོང་གིས་ང་ཚོས“ལོ་བརྒྱ་ཐམ་པ་གཉིས”ཀྱི་འབད་འཐབ་བྱེད་རྒྱུའི་དམིགས་ཡུལ་བཏོན་པ་ཡིན། དམིགས་ཡུལ་འདི་མངོན་དུ་འགྱུར་བར་བྱེད་ཕྱིར་ཀྲུང་གོས་ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དངོས་དང་མཐུན་པའི་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་རྒྱུའི་བགྲོད་ལམ་དུ་བསྐྱོད་རྒྱུ་ཡིན། ངས་ད་ལོའི་ཟླ་བ་9པར་ཨ་མེ་རི་ཁར་རྒྱལ་དོན་འཚམས་འདྲི་ཞུ་རྒྱུ་ཡིན་ཞིང་། སྐབས་དེར་ཨ་རིའི་ལས་རིགས་ཁག་གི་མི་སྣ་དང་མཉམ་དུ་ཀྲུང་ཨ་རྒྱལ་ཁབ་ཆེན་པོའི་བར་གྱི་འབྲེལ་བ་གསར་པ་འཛུགས་སྐྱོང་བྱེད་རྒྱུའི་འཆར་གཞི་ཆེན་པོའི་སྐོར་གྲོས་མོལ་བྱེད་འདོད་ཡོད། ཕྱོགས་གཉིས་ཀས་ཐུན་མོང་དུ་འབད་བརྩོན་ཆེན་པོ་བྱས་ཏེ་ཀྲུང་ཨའི་བར་གི་རིག་སྐྲུན་སྤེལ་རེས་དང་མཉམ་ལས་ཟམ་མ་ཆད་པར་གཏིང་ཟབ་ཏུ་སྤེལ་བར་སྐུལ་སྤེལ་བཏང་ནས་ཀྲུང་ཨའི་བར་འབྲེལ་བ་གོང་དུ་འཕེལ་བར་དྲང་ནུས་སྔར་ལས་ཆེན་པོ་བསྣན་དགོས་པའི་རེ་བ་བྱེད་ཀྱི་ཡོད་ཅེས་ནན་བཤད་གནང་བ་རེད།