མི་དམངས་དྲ་བ།

༄༅།།ཀྲང་ཏེ་ཅང་གིས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་གྲོས་ཚོགས་ཐེངས་
གསུམ་པའི་གནས་འཕྲིན་སྤེལ་བར་ཞུགས་པའི་གསར་འགྱུར་ལས་དོན་
པ་ཚོར་འཚམས་གཟིགས་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་17ཉིན། 17:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཀྲང་ཏེ་ཅང་གིས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་གྲོས་ཚོགས་ཐེངས་
གསུམ་པའི་གནས་འཕྲིན་སྤེལ་བར་ཞུགས་པའི་གསར་འགྱུར་ལས་དོན་
པ་ཚོར་འཚམས་གཟིགས་གནང་བ།

མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་3ཚེས་13ཉིན་གྱི་ཕྱི་དྲོར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་གྲོས་ཚོགས་ཐེངས་གསུམ་པའི་གསར་འགྱུར་ལྟེ་གནས་སུ་ཕེབས་ཏེ་ཚོགས་ཆེན་གྱི་གནས་འཕྲིན་སྤེལ་བར་ཞུགས་པའི་གསར་འགྱུར་ལས་དོན་པ་ཚོར་འཚམས་གཟིགས་གནང་བ་དང་། ཁོང་གིས་འཐུས་མིའི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཚབ་ཞུས་ནས་ཚོགས་ཆེན་གྱི་གནས་འཕྲིན་སྤེལ་བར་ཞུགས་པའི་གསར་འགྱུར་ལས་དོན་པ་རྣམས་ལ་ལྷག་བསམ་རྣམ་དག་གིས་བདེ་འདྲི་དང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་མ་ཟད། འདི་ལོའི་ཚོགས་ཆེན་གྱི་གསར་འགྱུར་གནས་འཕྲིན་སྤེལ་བའི་ལས་དོན་གྱིས་གྲ་སྒྲིག་གང་ལེགས་དང་། སྒྲིག་འཛུགས་ནུས་པ་ལྡན་པ། ནང་དོན་ཕུན་སུམ་ཚོགས་པ། བག་ཆགས་བཟང་པོ་ཁྱབ་ཆེར་འཇོག་པ་སོགས་ཀྱི་ཐོག་ནས་ཚོགས་ཆེན་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པའི་ངང་འཚོགས་པར་དགེ་མཚན་ལྡན་པའི་ནུས་པ་ཕུལ་བ་རེད་ཅེས་བསྟན་གནང་བ་རེད།