མི་དམངས་དྲ་བ།

༄༅།།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ལ་ཞུགས་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་18ཉིན། 13:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་17ཉིན་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་དྲུང་ཡིག་ཆེ་མོ་ཀྲོའུ་ཝུན་ཁྲུང་གིས་པེ་ཅིང་དུ་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་སྐོང་འཚོགས་བྱས་ཏེ་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་2015ལོའི་ལོ་ཚོགས་འཚོག་རྒྱུའི་གྲ་སྒྲིག་ལས་ཀ་བསྒྲུབས་ཚུལ་ངོ་སྤྲོད་གནང་བ་རེད། ཁོང་གིས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིངདང་རྒྱལ་ཁབ་ཁག་གི་འགོ་ཁྲིད་པ་རྣམས་ལོ་ཚོགས་འགོ་རྩོམ་པའི་མཛད་སྒོར་ཞུགས་རྒྱུ་ཡིན་པ་དང་། སྐབས་འདིའི་ལོ་ཚོགས་ལ་ཞུགས་པའི་འགོ་ཁྲིད་པའི་མི་གྲངས་སྐབས་རིམ་བྱུང་གི་ལོ་ཚོགས་ལས་བརྒལ་རྒྱུ་རེད་ཅེས་ངོ་སྤྲོད་གནང་བ་རེད།
         པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་2015ལོའི་ལོ་ཚོགས་ནི་ཟླ་3ཚེས་26ཉིན་ནས་29ཉིན་བར་ཀྲུང་གོའི་ཧའེ་ནན་ཞིང་ཆེན་པོ་ཨའོ་རུ་འཚོག་རྒྱུ་ཡིན་ཞིང་། ལོ་ཚོགས་ཀྱི་བརྗོད་བྱ་གཙོ་བོར“ཨེ་ཤེ་ཡའི་འབྱུང་འགྱུར་གསར་པ་ནི་བདེ་སྡུག་མཉམ་མྱོང་ཐུན་མོང་ཚོགས་པའི་ཕྱོགས་སུ་བསྐྱོད་རྒྱུ”ཞེས་པ་ཡིན། བརྗོད་བྱ་གཙོ་བོ་འདིར་དམིགས་ཏེ་ལོ་ཚོགས་ལ་ཚང་འཛོམས་ཚོགས་ཆེན་ཐེངས་2དང་། ཡན་ལག་གླེང་སྟེགས་ཐེངས་41 གྲལ་སྒོར་གྲོས་གླེང་ཚོགས་འདུ་ཐེངས་6སོགས་ཚུད་པའི་ཁྱོན་བསྡོམས་དངོས་གཞིའི་གྲོས་གླེང་ཚོགས་འདུ་ཐེངས་77བཀོད་སྒྲིག་བྱེད་རྒྱུ་ཡིན་པ་དང་། གྲོས་གཞིའི་ནང་དོན་ལ་སྤྱི་ཁོག་དཔལ་འབྱོར་དང་། ས་ཁོངས་བར་གྱི་མཉམ་ལས། ཐོན་ལས་རིགས་བསྒྱུར། ལག་རྩལ་གསར་གཏོད། ཆབ་སྲིད་བདེ་འཇགས། སྤྱི་ཚོགས་དམངས་འཚོ་ལ་སོགས་པའི་ཁྱབ་ཁོངས་ཆེན་པོ་དྲུག་དང་འབྲེལ་བ་ཡོད་པ་རེད།