མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་<<རྒྱལ་ཁབ་ལ་དབང་བའི་ནགས་ར་
སྒྱུར་བཅོས་ཇུས་གཞི་>>དང་<<རྒྱལ་ཁབ་ལ་དབང་བའི་ནགས་ཁུལ་སྒྱུར་བཅོས་
ཀྱི་མཛུབ་ཁྲིད་བསམ་འཆར་>>པར་འགྲེམས་བྱས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་19ཉིན། 09:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་<<རྒྱལ་ཁབ་ལ་དབང་བའི་ནགས་ར་སྒྱུར་བཅོས་ཇུས་གཞི་>>དང་<<རྒྱལ་ཁབ་ལ་དབང་བའི་ནགས་ཁུལ་སྒྱུར་བཅོས་ཀྱི་མཛུབ་ཁྲིད་བསམ་འཆར་>>སྐྲུན་འགྲེམས་བྱས་པ་དང་འབྲེལ་བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་ལ་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་ནན་ཏན་བྱེད་དགོས་པའི་བླང་བྱ་ཡང་བཏོན་པ་རེད།
         རྒྱལ་ཁབ་ལ་དབང་བའི་ནགས་ར་སྒྱུར་བཅོས་ཀྱི་མཛུབ་ཁྲིད་དགོངས་པ་ནི། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་སྒོ་ཀུན་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། སྣོད་བཅུད་འཛུགས་སྐྱོང་གཙོ་བོར་བྱས་པའི་ནགས་ལས་འཕེལ་རྒྱས་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ། སྒྱུར་བཅོས་ལ་རིགས་དབྱེ་སྐུལ་འདེད་གཏོང་བའི་བླང་བྱར་གཞིགས་པ། སྣོད་བཅུད་སྲུང་སྐྱོང་དང་ལས་བཟོའི་འཚོ་བ་འགན་ལེན་བྱེད་པའི་དམིགས་ཚད་ཆེན་པོ་གཉིས་ལ་དམིགས་པ། སྲིད་གཞུང་དང་བྱ་གཞག་སྡེ་ཚན་སོ་སོར་འབྱེད་པ་དང་བྱ་གཞག་སྡེ་ཚན་དང་ཁེ་ལས་སོ་སོར་འབྱེད་རྒྱུར་སྐུལ་འདེད་གཏོང་བ། དོ་དམ་སྲུང་སྐྱོང་བྱེད་སྟངས་གསར་གཏོད་དང་དོ་དམ་ཚོད་འཛིན་ལམ་སྲོལ་གསར་གཏོད་བྱེད་པ། ནགས་ལས་འཕེལ་རྒྱས་གཏོང་སྟངས་དེ་ཤིང་ཆ་ཐོན་སྐྱེད་གཙོ་བོར་བྱེད་པ་ནས་སྣོད་བཅུད་སླར་གསོ་དང་འཛུགས་སྐྱོང་གཙོ་བོར་བྱེད་རྒྱུར་སྒྱུར་བ་དང་ནགས་ཚལ་བེད་སྤྱོད་བྱས་པ་ལས་ཐོབ་པའི་དཔལ་འབྱོར་གྱི་ཕན་པ་གཙོ་བོར་བྱེད་པ་ནས་ནགས་ཚལ་སྲུང་སྐྱོང་བྱ་ཆེད་མཁོ་འདོན་བྱས་པའི་ཞབས་ཞུ་གཙོ་བོར་སྒྱུར་རྒྱུར་སྐུལ་འདེད་གཏོང་བ། ནགས་ཚལ་གྱི་ཐོན་ཁུངས་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་རྒྱུར་ཕན་པ་དང་། སྣོད་བཅུད་དང་དམངས་འཚོ་ལེགས་གཏོང་ལ་ཕན་པ། ནགས་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེ་རུ་གཏོང་རྒྱུར་ཕན་པ་བཅས་ཀྱི་རྒྱལ་ཁབ་ལ་དབང་བའི་ནགས་རའི་སྒྲིག་སྲོལ་གསར་པ་འཛུགས་པ་བཅས་བྱས་ནས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ་དང་། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་པ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱེད་པ་བཅས་ཀྱི་ཆེད་དུ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་པ་དེ་རེད།
         <<རྒྱལ་ཁབ་ལ་དབང་བའི་ནགས་ར་སྒྱུར་བཅོས་ཇུས་གཞི་>>དེ་ཁྱོན་ཆ་ཤས་བཞི་ལ་དབྱེ་ཡོད་པ་སྟེ། དང་པོ། རྒྱལ་ཁབ་ལ་དབང་བའི་ནགས་ར་སྒྱུར་བཅོས་ཀྱི་སྤྱིའི་བླང་བྱའི་སྐོར་དང་། གཉིས་པ། རྒྱལ་ཁབ་ལ་དབང་བའི་ནགས་ར་སྒྱུར་བཅོས་ཀྱི་ནང་དོན་གཙོ་བོའི་སྐོར། གསུམ་པ། རྒྱལ་ཁབ་ལ་དབང་བའི་ནགས་ར་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་སྲིད་ཇུས་རོགས་སྐྱོར་མ་ལག་འཐུས་ཚང་དུ་གཏོང་རྒྱུའི་སྐོར། བཞི་པ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ལས་འགན་ཁག་སྒོ་ཀུན་ནས་དོན་འཁྱོལ་བྱེད་རྒྱུའི་སྐོར་བཅས་རེད།
         རྒྱལ་ཁབ་ལ་དབང་བའི་ནགས་ཁུལ་སྒྱུར་བཅོས་ཀྱི་མཛུབ་ཁྲིད་བསམ་འཆར་དང་མཛུབ་ཁྲིད་དགོངས་པ་ནི། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་སྒོ་ཀུན་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། སྣོད་བཅུད་འཛུགས་སྐྱོང་གཙོ་བོར་བྱས་པའི་ནགས་ལས་འཕེལ་རྒྱས་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ། རྒྱལ་ཁབ་ལ་དབང་བའི་ནགས་ཁུལ་གྱི་སྣོད་བཅུད་ནུས་པ་འདོན་སྤེལ་བྱེད་པ་དང་རྒྱལ་ཁབ་ཀྱི་ཤིང་ཆའི་འཐབ་ཇུས་གྲབས་གསོག་རྟེན་གཞི་འཛུགས་སྐྲུན་བྱ་རྒྱུ་ཁྲིད་སྟོན་དུ་བྱེད་པ། ཀྲུང་དབྱང་དང་ས་གནས་དང་། སྲིད་གཞུང་དང་ཁེ་ལས་དབར་གྱི་ཕྱོགས་ཁག་གི་འབྲེལ་བ་ཐག་གཅོད་ཡང་དག་བྱ་རྒྱུ་གཙོ་གནད་དུ་བྱེད་པ། སྲིད་གཞུང་དང་བྱ་གཞག་སྡེ་ཚན་སོ་སོར་འབྱེད་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ། ནགས་ཚལ་ཐོན་ཁུངས་ཀྱི་ལྟ་སྐུལ་དོ་དམ་སྒྲིག་སྲོལ་འཛུགས་པ། ཐོན་ཁུངས་ལ་དོ་དམ་ཚོད་འཛིན་བྱེད་སྟངས་གསར་གཏོད་བྱེད་པ། རོགས་སྐྱོར་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བ། ནགས་ཚལ་ཐོན་ཁུངས་སྲུང་སྐྱོབ་དང་འཕེལ་རྒྱས་གཏོང་རྒྱུར་ཕན་པ་དང་། སྣོད་བཅུད་དང་དམངས་འཚོ་ལེགས་གཏོང་ལ་ཕན་པ། ནགས་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེ་རུ་གཏོང་རྒྱུར་ཕན་པ་བཅས་ཀྱི་རྒྱལ་ཁབ་ལ་དབང་བའི་ནགས་ཁུལ་གྱི་སྒྲིག་སྲོལ་གསར་པ་འཛུགས་པ། ནགས་ཁུལ་གྱི་དཔལ་འབྱོར་གཞན་སྒྱུར་མགྱོགས་པོ་བྱེད་པ། ནགས་ཁུལ་གྱི་ནགས་ཚལ་ཐོན་ཁུངས་རིམ་བཞིན་སླར་གསོ་དང་བརྟན་པོར་འཕར་རྒྱུར་སྐུལ་འདེད་གཏོང་བ། ནགས་ལས་འཕེལ་རྒྱས་གཏོང་སྟངས་དེ་ཤིང་ཆ་ཐོན་སྐྱེད་གཙོ་བོར་བྱེད་པ་ནས་སྣོད་བཅུད་སླར་གསོ་དང་འཛུགས་སྐྱོང་གཙོ་བོར་བྱེད་པར་བསྒྱུར་བ་དང་ནགས་ཚལ་བེད་སྤྱོད་བྱས་པ་ལས་ཐོབ་པའི་དཔལ་འབྱོར་གྱི་ཕན་པ་གཙོ་བོར་བྱེད་པ་ནས་ནགས་ཚལ་སྲུང་སྐྱོབ་བྱ་ཆེད་མཁོ་འདོན་བྱས་པའི་ཞབས་ཞུ་གཙོ་བོར་བྱེད་པར་བསྒྱུར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྣོད་བཅུད་ཤེས་དཔལ་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་གཏོང་ཆེད་སྣོད་བཅུད་ཀྱི་འགན་ལེན་བྱེད་དགོས་པ་ཞེས་པ་དེ་རེད།
         <<རྒྱལ་ཁབ་ལ་དབང་བའི་ནགས་ཁུལ་སྒྱུར་བཅོས་ཀྱི་མཛུབ་ཁྲིད་བསམ་འཆར་>>དེ་ཁྱོན་ཆ་ཤས་བཞི་ལ་དབྱེ་ཡོད་པ་སྟེ། དང་པོ། རྒྱལ་ཁབ་ལ་དབང་བའི་ནགས་ཁུལ་སྒྱུར་བཅོས་ཀྱི་སྤྱིའི་བླང་བྱའི་སྐོར་དང་། གཉིས་པ། རྒྱལ་ཁབ་ལ་དབང་བའི་ནགས་ཁུལ་སྒྱུར་བཅོས་ཀྱི་ལས་འགན་གཙོ་བོའི་སྐོར། གསུམ་པ། རྒྱལ་ཁབ་ལ་དབང་བའི་ནགས་ཁུལ་སྒྱུར་བཅོས་ཀྱི་སྲིད་ཇུས་རོགས་སྐྱོར་མ་ལག་འཐུས་ཚང་དུ་གཏོང་རྒྱུའི་སྐོར། བཞི་པ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ལས་འགན་ཁག་སྒོ་ཀུན་ནས་དོན་འཁྱོལ་བྱེད་རྒྱུའི་སྐོར་བཅས་རེད།