མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་19ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་18ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་སྟེ་<<སྲིད་གཞུང་ལས་དོན་སྐོར་གྱི་སྙན་ཞུ་>>ནང་གསལ་སྡེ་ཁག་གི་འགན་འཁྲི་དང་ལས་བགོས་ཁ་གསལ་བཟོས་ནས་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་དམིགས་ཡུལ་དང་ལས་འགན་གཙོ་བོ་ལེགས་འགྲུབ་བྱེད་རྒྱུའི་འགན་ལེན་ཏན་ཏིག་བྱས་པ་དང་། ཞིང་ལས་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བར་སྐུལ་སྤེལ་བཏང་ནས་ཞིང་ལས་དེང་རབས་ཅན་དུ་འགྱུར་བ་གང་མགྱོགས་བྱེད་དོན་བཀོད་སྒྲིག་བྱས་ལ། འགག་སྒོའི་ལས་དོན་སྐོར་གྱི་སྲིད་ཇུས་དང་བྱེད་ཐབས་ལེགས་བཅོས་བྱས་ནས་ཕྱི་ཕྱོགས་ལ་སྒོ་འབྱེད་རྒྱ་ཆེར་གཏོང་དང་ཕྱི་ཕྱོགས་ཉོ་ཚོང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་གཏོང་དོན་གཏན་འབེབས་ཀྱང་བྱས་པ་རེད།