མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།<<“ཕྱོགས་ཡོངས་ནས་བཞི”སློབ་སྦྱོང་དཔེ་དེབ་>>ཅེས་པ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་23ཉིན། 13:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། མི་དམངས་ཉིན་རེའི་ཚགས་པར་ཁང་གིས་སྒྲིག་འཛུགས་བྱས་ཏེ་རྩོམ་འབྲི་བྱས་པའི་<<“ཕྱོགས་ཡོངས་ནས་བཞི”སློབ་སྦྱོང་དཔེ་དེབ་>>ཅེས་པ་དེ་ཉེ་ཆར་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཏེ་རྒྱལ་ཡོངས་ལ་ཡོངས་བསྒྲགས་འགྲེམས་སྤེལ་བྱས་ཡོད།
         རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་འཚོགས་གྲབས་ཡོད་པའི་སྐབས་སུ་མི་དམངས་ཉིན་རེའི་ཚགས་པར་ཁང་གིས“‘ཕྱོགས་ཡོངས་ནས་བཞི’ལ་མཐུན་སྦྱོར་ངང་སྐུལ་སྤེལ་གཏོང་དགོས་གླེང་བ”ཞེས་པའི་དཔྱད་གཏམ་པའི་རྩོམ་ཡིག་མུ་འབྲེལ་ཅན་ལྔ་སྤེལ་བ་དེ་སྤྱི་ཚོགས་ཀྱི་ལས་རིགས་ཁག་གིས་དོ་ཁུར་ཤུགས་ཆེན་པོ་བྱ་ཡུལ་དུ་གྱུར་པ་རེད། <<“ཕྱོགས་ཡོངས་ནས་བཞི”སློབ་སྦྱོང་དཔེ་དེབ་>>ཅེས་པའི་ནང་དཔྱད་གཏམ་པའི་རྩོམ་ཡིག་ལྔ་བསྡུས་པའི་རྨང་གཞིའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་ཡོངས་གྲགས་གསུང་བཤད་དང་དཔར་དུ་བསྐྲུན་པའི་དཔེ་དེབ་ནང་གི“ཕྱོགས་ཡོངས་ནས་བཞི”སྐོར་གྱི་རྒྱས་བཤད་གནད་ལ་འཕིགས་པ་དག་གོ་རིམ་ལྡན་པའི་མཐུན་སྒྲིག་བྱས་པ་མ་ཟད། རིགས་ཕྱེ་ལེགས་སྒྲིག་ཀྱང་བྱས་པ་དང་དུས་མཚུངས་སུ“ཕྱོགས་ཡོངས་ནས་བཞི”ཡི་བསམ་བློ་གཏོང་ཕྱོགས་དང་ནང་དོན་ཟབ་མོ་གོ་རིམ་ལྡན་པའི་ངང་ནས་གསེད་བཀྲོལ་བྱས་ཤིང་། “ཕྱོགས་ཡོངས་ནས”རེ་རེར་ཡིག་འབྲུ་ཁྲི་ཙམ་གྱི་ཐོག་ནས་འགྲེལ་བཤད་གཏིང་ཟབ་པོ་བརྒྱབ་པ་རེད།
         “ཕྱོགས་ཡོངས་ནས་བཞི”བཏོན་པ་དེས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་སྐྱོང་སྲིད་གཉེར་བྱེད་རྒྱུའི་སྤྱི་ཡོངས་ཀྱི་འཆར་འགོད་ཆེན་པོ་སྔར་ལས་འཐུས་སྒོ་ཇེ་ཚང་དུ་གྱུར་པ་མཚོན་པ་དང་། “ཕྱོགས་ཡོངས་ནས་བཞི”ནི་འཐབ་ཇུས་ཀྱི་བཀོད་སྒྲིག་གལ་ཆེན་ཡིན་ལ། རྒྱལ་སྐྱོང་སྲིད་གཉེར་གྱི་འཐབ་ཇུས་ཀྱི་བསམ་བློ་གལ་ཆེན་ཡང་མཚོན་ཡོད་པས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་ལ་ནང་དོན་གསར་པ་བསྣན་པ་དང་། དུས་རབས་ཀྱི་ཁྱད་རྟགས་གསར་པ་གནང་བ་རེད། དཔེ་དེབ་འདིར་གཟིགས་ཞུས་གནང་མྱོང་མཁན་མཁས་པས་<<“ཕྱོགས་ཡོངས་ནས་བཞི”སློབ་སྦྱོང་དཔེ་དེབ་>>ཅེས་པ་འདི་ནི་རིམ་པ་ཁག་གི་ལས་བྱེད་པ་དང་རྒྱ་ཆེའི་མང་ཚོགས་ཀྱིས“ཕྱོགས་ཡོངས་ནས་བཞི”ཡི་གོ་བ་ཡང་དག་པར་ལེན་པ་དང་ལག་ལེན་མཐར་ཕྱིན་ནན་ཏན་བསྟར་བའི་དབང་གྲགས་ལྡན་པའི་སློབ་དེབ་ཅིག་རེད་ཅེས་གདེང་འཇོག་གནང་བ་རེད།