མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་ཨེ་ཤེ་ཡའི་གསར་སྤེལ་དངུལ་ཁང་གི་འགོ་འཛིན་ལ་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་24ཉིན། 10:26】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ལི་ཁེ་ཆང་གིས་ཨེ་ཤེ་ཡའི་གསར་སྤེལ་དངུལ་ཁང་གི་འགོ་འཛིན་ལ་མཇལ་འཕྲད་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་23ཉིན་གྱི་སྔ་དྲོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཨེ་ཤེ་ཡའི་གསར་སྤེལ་དངུལ་ཁང་གི་འགོ་འཛིན་ཀྲུང་ཝེ་ཝུའུ་ཡན་ལ་མཇལ་འཕྲད་གནང་བ་རེད།
     ལི་ཁེ་ཆང་གིས་ཀྲུང་གོའི་ཕྱོགས་ཀྱིས་ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་དངུལ་འཇོག་དངུལ་ཁང་འཛུགས་རྒྱུའི་གྲོས་གཞི་བཏོན་པ་དེ་ནི་ས་ཁུལ་དེ་གའི་ཕན་ཚུན་འབྲེལ་གཏུག་དང་མཐུན་སྦྱོར་བྱེད་ཚད་ཇེ་མགྱོགས་སུ་བཏང་སྟེ་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་འཕེལ་བར་སྐུལ་སྤེལ་གཏོང་བའི་དོན་དུ་ཡིན། ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་དངུལ་འཇོག་དངུལ་ཁང་གིས་ཕྱི་ཕྱོགས་ལ་སྒོ་འབྱེད་པ་དང་ཁོང་ཡངས་ཀྱི་སྤྱོད་ཚུལ་ཐོག་ནས་ད་ཡོད་ཕྱོགས་མང་གསར་སྤེལ་དངུལ་ཁང་དང་ཕན་ཚུན་སྐོང་གསབ་བྱས་ཏེ་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་དགོས་ཞེས་བསྟན་གནང་བ་རེད།