མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་ཀྲུང་གོའི་འཕེལ་རྒྱས་སྐོར་གྱི་མཐོ་རིམ་གླེང་སྟེགས་སུ་ཞུགས་པའི་རྒྱལ་མཚམས་
ཕྱི་ནས་ཕེབས་པའི་སྐུ་མགྲོན་ལ་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་24ཉིན། 14:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ལི་ཁེ་ཆང་གིས་ཀྲུང་གོའི་འཕེལ་རྒྱས་སྐོར་གྱི་མཐོ་རིམ་གླེང་སྟེགས་སུ་ཞུགས་པའི་རྒྱལ་མཚམས་
ཕྱི་ནས་ཕེབས་པའི་སྐུ་མགྲོན་ལ་མཇལ་འཕྲད་གནང་བ།

མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་3ཚེས་23ཉིན་གྱི་སྔ་དྲོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོའི་འཕེལ་རྒྱས་སྐོར་གྱི་མཐོ་རིམ་གླེང་སྟེགས་ཀྱི་2015ལོའི་ལོ་ཚོགས་སུ་ཞུགས་པའི་རྒྱལ་མཚམས་ཕྱི་ནས་ཕེབས་པའི་འཐུས་ཚབ་རྣམས་ལ་མཇལ་འཕྲད་གནང་བ་དང་འབྲེལ་ཁོང་ཚོ་དང་ལྷན་དུ་བཞུགས་མོལ་སྤེལ་རེས་ཀྱང་གནང་བ་རེད།
         ལི་ཁེ་ཆང་གིས་ཀྲུང་གོའི་སྲིད་གཞུང་གིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་ལ་སྒོ་འབྱེད་འཁོར་རེས་གསར་པ་ཞིག་བྱེད་བཞིན་ཡོད། ང་ཚོས་མུ་མཐུད་དུ་ཚོང་རར་ཞུགས་ཆོག་པའི་ཚད་གཞི་ཇེ་ཡངས་སུ་གཏོང་བ་དང་། ཞབས་ཞུའི་ལས་རིགས་ཕྱི་ཕྱོགས་ལ་སྒོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་འཛིན་པ་དང་དུས་མཚུངས་སུ་ཤེས་རིག་ཐོན་དངོས་ཀྱི་བདག་དབང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་ཕྱི་རྒྱལ་གྱི་ཚོང་པ་ཚོར་བརྟན་ཞིང་གསལ་ཆ་ལྡན་པའི་སྲིད་ཇུས་ཀྱི་མཐུན་རྐྱེན་དང་། ཕན་ནུས་ཆེ་ཞིང་ཚད་དང་ལྡན་པའི་སྲིད་འཛིན་གྱི་ཁོར་ཡུག  དྲང་གཞག་འགྲན་རྩོད་ཀྱི་ཚོང་རའི་ཁོར་ཡུག་བཅས་བསྐྲུན་རྒྱུ་ཡིན། ཀྲུང་གོས་ཕྱི་ཕྱོགས་ལ་སྒོ་འབྱེད་རྒྱ་ཉིན་བཞིན་ཇེ་ཆེར་གཏོང་རྒྱུ་ཡིན་པས། ཀྲུང་གོར་ཡོད་པའི་ཕྱི་རྒྱལ་གྱིས་མ་དངུལ་བཞག་པའི་ཁེ་ལས་ཚོས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་དམ་འཛིན་བྱེད་པ་དང་། ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་ལོངས་སུ་མཉམ་སྤྱོད་བྱས་ཏེ་ཐུན་མོང་དུ་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་ཞེས་བསྟན་གནང་བ་རེད།

༄༅།།ལི་ཁེ་ཆང་གིས་ཀྲུང་གོའི་འཕེལ་རྒྱས་སྐོར་གྱི་མཐོ་རིམ་གླེང་སྟེགས་སུ་ཞུགས་པའི་རྒྱལ་མཚམས་
ཕྱི་ནས་ཕེབས་པའི་སྐུ་མགྲོན་ལ་མཇལ་འཕྲད་གནང་བ།