མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཡུས་ཀྲེང་ཧྲེང་གིས་ལྗར་པན་སྲིད་འཛིན་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་24ཉིན། 15:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་3ཚེས་23ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་ལྗར་པན་རང་དབང་དམངས་གཙོའི་ཏང་གི་ལས་འཛིན་དཔོན་ཀུའུ་ཡོན་ཀྲེང་དབྱི་དང་ལྗར་པན་གྱི་ཀུང་མིང་ཏང་གི་ལས་འཛིན་དཔོན་ཅིང་ཧྲང་དབྱི་ཅིའུ་གཉིས་ཀྱིས་སྣེ་ཁྲིད་གནང་བའི་ལྗར་པན་སྲིད་འཛིན་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་བ་རེད།
         ཡུས་ཀྲེང་ཧྲེང་གིས་ཀྲུང་གོའི་གུང་ཁྲན་ཏང་གིས་ལྗར་པན་གྱི་སྲིད་འཛིན་ཏང་གཉིས་དང་མཛའ་མཐུན་འབྲེལ་བ་བྱེད་པར་མཐོང་ཆེན་བྱེད་བཞིན་ཡོད་ལ། མཐོ་རིམ་བར་འགྲོ་འོང་དང་རྐྱེན་སྲོལ་ཅན་གྱི་སྤེལ་རེས་བྱེད་ཤུགས་མུ་མཐུད་དེ་ཆེ་རུ་བཏང་ནས་རྒྱལ་ཁབ་གཉིས་བར་འཐབ་ཇུས་ཐད་ཕན་ཚུན་གཉིས་ཕན་གྱི་འབྲེལ་བའི་རྨང་གཞི་སྲ་བརྟན་དུ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།