མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲང་ཏེ་ཅང་གིས་ལ་ཐིང་ཨ་མེ་རི་ཁ་གླིང་དབྱི་ཧུའེ་གྲོས་ཚོགས་ཀྱི་ཚོགས་གཙོ་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་24ཉིན། 15:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཀྲང་ཏེ་ཅང་གིས་ལ་ཐིང་ཨ་མེ་རི་ཁ་གླིང་དབྱི་ཧུའེ་གྲོས་ཚོགས་ཀྱི་ཚོགས་གཙོ་དང་གྲོས་མོལ་གནང་བ།

མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་3ཚེས་23ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་མི་དམངས་ཚོགས་ཁང་ཆེ་མོར་ལ་ཐིང་ཨ་མེ་རི་ཁ་གླིང་དབྱི་ཧུའེ་གྲོས་ཚོགས་ཀྱི་ཚོགས་གཙོ་ཁ་སི་ཏི་ལུའེ་དང་གྲོས་མོལ་གནང་བ་རེད།
         ཀྲང་ཏེ་ཅང་གིས་ལ་ཐིང་ཨ་མེ་རི་ཁ་གླིང་དབྱི་ཧུའེ་གྲོས་ཚོགས་ནི་ལ་ཐིང་ཨ་མེ་རི་ཁ་གླིང་དང་ག་རི་པི་ས་ཁུལ་གྱི་ཆེས་གལ་ཆེ་བའི་དབྱི་ཧུའེ་གྲོས་ཚོགས་བར་གྱི་རྩ་འཛུགས་ཞིག་ཡིན། ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱིས་ལ་ཐིང་ཨ་མེ་རི་ཁ་གླིང་དབྱི་ཧུའེ་གྲོས་ཚོགས་བར་གྱི་མཛའ་མཐུན་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཕྱོགས་གཉིས་ཀས་སྔར་ཡོད་མཉམ་ལས་ཡག་པོ་བྱེད་བཞིན་པའི་རྨང་གཞིའི་ཐོག་མཉམ་ལས་ཟབ་སྤེལ་སྔར་ལས་ལྷག་པར་བྱེད་རྒྱུའི་རེ་འདུན་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
         ཁ་སི་ཏི་ལུའེ་ཡིས་ལ་ཐིང་ཨ་མེ་རི་ཁ་གླིང་དབྱི་ཧུའེ་གྲོས་ཚོགས་ཀྱིས་ཀྲུང་གོའི་ཁྲིམས་འཛུགས་ལས་ཁུངས་བར་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་གཏོང་བ་གཙིགས་ཆེན་པོར་བྱེད་བཞིན་ཡོད་ཅིང་། ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ལ་ཐིང་ཨ་མེ་རི་ཁ་གླིང་དབྱི་ཧུའེ་གྲོས་ཚོགས་ཀྱི་ལྟ་ཞིབ་པར་གྱུར་པར་དགའ་མོས་ཆེན་པོ་བྱུང་བ་དང་། ཕྱོགས་གཉིས་ཀས་སྤེལ་རེས་དང་མཉམ་ལས་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བར་རེ་སྒུག་བྱེད་བཞིན་ཡོད་ཅེས་གསུངས་པ་རེད།