མི་དམངས་དྲ་བ།

༄༅།།ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་གནད་དོན་གྱི་དམིགས་བསལ་འཐུས་ཚབ་བར་
གྱི་ཞལ་འཛོམས་ཐེངས་བཅོ་བརྒྱད་པ་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་24ཉིན། 16:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་གནད་དོན་གྱི་དམིགས་བསལ་འཐུས་ཚབ་བར་
གྱི་ཞལ་འཛོམས་ཐེངས་བཅོ་བརྒྱད་པ་གནང་བ།

མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་3ཚེས་23ཉིན་ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་གནད་དོན་གྱི་དམིགས་བསལ་འཐུས་ཚབ་བར་གྱི་ཞལ་འཛོམས་ཐེངས་བཅོ་བརྒྱད་པ་ཏི་ལི་གསར་པ་རུ་གནང་ཞིང་། ཀྲུང་གོའི་ཕྱོགས་ཀྱི་དམིགས་བསལ་འཐུས་ཚབ་དང་རྒྱལ་དོན་ཨུ་ཡོན་དབྱང་ཅེ་ཁྲི་ཡིས་རྒྱ་གར་ཕྱོགས་ཀྱི་དམིགས་བསལ་འཐུས་ཚབ་དང་རྒྱལ་ཁབ་བདེ་འཇགས་བློ་འདྲི་ས་ཏུའོ་ཝར་དང་མཐའ་མཚམས་ཀྱི་གནད་དོན་སྐོར་བསམ་འཆར་བརྗེ་རེས་གཏིང་ཟབ་གནང་བ་མ་ཟད། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་དང་ཐུན་མོང་དུ་ཐུགས་ཁུར་བྱེད་བཞིན་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ལ་འཐབ་ཇུས་ཐད་ཀྱི་མཐུན་སྦྱོར་གནང་བ་རེད།
         ཕྱོགས་གཉིས་ཀས་ན་ནིང་ཟླ་9པར་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་རྒྱ་གར་ལ་འཚམས་འདྲི་གྲུབ་འབྲས་ཐོབ་པར་གནང་ཞིང་། རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་ཀྱིས་མ་འོངས་པའི་ལོ་5ནས་10རིང་གི་ཀྲུང་གོ་དང་རྒྱ་གར་བར་གྱི་འཐབ་ཇུས་མཉམ་ལས་ལ་ཁ་ཕྱོགས་གསལ་པོར་བསྟན་པ་དང་འཆར་འགོད་གནང་བས། ཕྱོགས་གཉིས་ཀས་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་ཀྱི་ངོས་འཛིན་གཅིག་མཐུན་གལ་ཆེན་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ་མཐོ་རིམ་བར་ཕན་ཚུན་འཚམས་འདྲི་གནང་རེས་རྒྱུན་འཁྱོངས་བྱས་ནས་ཀྲུང་གོ་དང་རྒྱ་གར་བར་གྱི་འཐབ་ཇུས་ཀྱི་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་གོང་ནས་གོང་དུ་འཕེལ་བར་སྐུལ་འདེད་གཏོང་དགོས་པའི་ངོས་འཛིན་བྱས་པ་རེད།
         ཕྱོགས་གཉིས་ཀས་རྒྱལ་ཁབ་གཉིས་ཀྱི་དམིགས་བསལ་འཐུས་ཚབ་བར་ཞལ་འཛོམས་ལོ་མང་བྱས་པའི་རིང་ཐོབ་པའི་དགེ་མཚན་ལྡན་པའི་གྲུབ་འབྲས་ལ་ཕྱིར་དྲན་བྱས་པ་དང་། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བའི་ཁྱོན་ཡོངས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཡུན་རིང་ཁེ་ཕན་གཞིར་བཟུང་ནས་ཐོབ་ཟིན་པའི་གྲུབ་འབྲས་དང་ངོས་འཛིན་གཅིག་མཐུན་བྱུང་བའི་རྨང་གཞིའི་ཐོག་མུ་མཐུད་དེ་ཡང་དག་པའི་ཁ་ཕྱོགས་ལ་གཞིགས་ཏེ་ཁོག་སྒྲིག་གྲོས་མོལ་འཕེལ་རིམ་ལ་སྐུལ་སྤེལ་གཏོང་དགོས་ཞེས་ནན་བཤད་གནང་བ་དང་། ཕྱོགས་གཉིས་ཀས་མཐའ་མཚམས་གྱི་གནད་དོན་ཐག་གཅོད་མ་བྱས་གོང་ལ་རྩོད་གཞི་ཚོད་འཛིན་ཐག་གཅོད་འོས་འཚམས་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་ས་ཁུལ་ཞི་བདེ་དང་ཞོད་འཇགས་ཡོང་བར་ཐུན་མོང་དུ་སྲུང་སྐྱོང་བྱ་དགོས་ཞེས་བསྐྱར་བསྒྲགས་གནང་བ་རེད།