མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་གཙོ་སྐྱོང་གནང་སྟེ་<<སྐྱེ་
ཁམས་དཔལ་ཡོན་འཛུགས་སྤེལ་ལ་སྐུལ་འདེད་གང་མགྱོགས་གཏོང་རྒྱུའི་སྐོར་
གྱི་བསམ་འཆར་>>ཞེས་པར་གྲོས་ཞིབ་བྱས་པ། 

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་25ཉིན། 11:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་24ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་འཚོགས་ཏེ་<<སྐྱེ་ཁམས་དཔལ་ཡོན་འཛུགས་སྤེལ་ལ་སྐུལ་འདེད་གང་མགྱོགས་གཏོང་རྒྱུའི་སྐོར་གྱི་བསམ་འཆར་>>ཞེས་པར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཀོང་ཏུང་དང་། ཐེན་ཅིན། ཧྥུའུ་ཅན་བཅས་ཀྱི་རང་མོས་ཉོ་འཚོང་ཚོད་ལྟ་ཁུལ་སྐོར་གྱི་སྤྱི་ཁྱབ་ཇུས་གཞི་དང་། ཧྲང་ཧའེ་རང་མོས་ཉོ་འཚོང་ཚོད་ལྟ་ཁུལ་བསྒྱུར་བཅོས་སྒོ་འབྱེད་སྔར་ལས་ཟབ་སྤེལ་བྱེད་རྒྱུའི་སྐོར་གྱི་ཇུས་གཞིར་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་རེད།