མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་འཇར་མན་རྒྱལ་ཁབ་ཀྱི་ཙུང་ཐུང་དང་སི་ཕེན་རྒྱལ་ཁབ་ཀྱི་རྒྱལ་པོར་གློག་
འཕྲིན་བཏང་སྟེ་འགྲུལ་སྐྱེལ་གནམ་གྲུར་ཆག་སྒོ་བྱུང་བ་ལ་སེམས་
གསོའི་འཚམས་འདྲི་ཞུས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་26ཉིན། 11:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་25ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་འཇར་མན་གྱི་གཤོག་པ་མཁའ་འགྲུལ་ཀུང་སིའི་འགྲུལ་སྐྱེལ་གནམ་གྲུར་ཆག་སྒོ་བྱུང་ནས་འཇར་མན་དང་སི་ཕན་རྒྱལ་ཁབ་ཀྱི་འགྲུལ་པ་ཚུད་པའི་མི་སྣ་འབོར་ཆེན་རྐྱེན་ལམ་དུ་ཤོར་བའི་སྐོར་འཇར་མན་རྒྱལ་ཁབ་ཀྱི་ཙུང་ཐུང་ཀའོ་ཁེ་དང་སི་ཕན་རྒྱལ་ཁབ་ཀྱི་རྒྱལ་པོ་ཧྥེ་ལི་ཕེ་སྐུ་ཕྲེང་དྲུག་པར་སེམས་གསོའི་འཚམས་འདྲི་ཞུ་བའི་གློག་འཕྲིན་གནང་བ་རེད། ཞིས་ཅིན་ཕིང་གིས་ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུས་པ་མ་ཟད་རང་ཉིད་ཀྱི་མིང་ཐོག་ནས་རྐྱེན་ལམ་དུ་ཤོར་བ་རྣམས་ལ་སེམས་ཀྱི་གཏིང་ནས་མྱ་ངན་ཞུས་པ་དང་། རྐྱེན་ལམ་དུ་ཤོར་བ་རྣམས་ཀྱི་གཉེན་ཉེ་ཚོར་ལྷག་བསམ་རྣམ་དག་གིས་སེམས་གསོའི་འཚམས་འདྲི་ཞུས་པ་རེད།