མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་འཇར་མན་རྒྱལ་ཁབ་ཀྱི་ཙུང་ལི་དང་སི་ཕེན་རྒྱལ་ཁབ་ཀྱི་དབུ་བཞུགས་
བློན་ཆེན་ལ་གློག་འཕྲིན་བཏང་སྟེ་འགྲུལ་སྐྱེལ་གནམ་གྲུར་ཆག་སྒོ་བྱུང་བ་
ལ་སེམས་གསོའི་འཚམས་འདྲི་ཞུས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་26ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་25ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་འཇར་མན་གྱི་གཤོག་པ་མཁའ་འགྲུལ་ཀུང་སིའི་འགྲུལ་སྐྱེལ་གནམ་གྲུར་ཆག་སྒོ་བྱུང་ནས་འཇར་མན་དང་སི་ཕན་རྒྱལ་ཁབ་ཀྱི་འགྲུལ་པ་ཚུད་པའི་མི་སྣ་འབོར་ཆེན་རྐྱེན་ལམ་དུ་ཤོར་བའི་སྐོར་འཇར་མན་རྒྱལ་ཁབ་ཀྱི་ཙུང་ལི་མོ་ཁེར་དང་སི་ཕན་རྒྱལ་ཁབ་ཀྱི་དབུ་བཞུགས་བློན་ཆེན་ལ་ཧོ་དབྱི་ལ་སེམས་གསོའི་འཚམས་འདྲི་ཞུ་བའི་གློག་འཕྲིན་བཏང་བ་རེད། ལི་ཁེ་ཆང་གིས་ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུས་པ་མ་ཟད་རང་ཉིད་ཀྱི་མིང་ཐོག་ནས་གནམ་གྲུའི་ཐོག་འཇར་མན་དང་སི་ཕན་རྒྱལ་ཁབ་ཀྱི་སྤྱི་དམངས་ཚུད་པའི་རྐྱེན་ལམ་དུ་ཤོར་བ་མཐའ་དག་ལ་སྐྱོ་སྣང་ཆེན་པོས་མྱ་ངན་ཞུས་པ་དང་། རྐྱེན་ལམ་དུ་ཤོར་བའི་གཉེན་ཉེ་ཚོར་སེམས་གཏིང་ནས་སེམས་གསོའི་འཚམས་འདྲི་ཞུས་པ་རེད།