མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཝང་ཆི་ཧྲན་གྱིས་ཨུ་རུ་སུ་རྒྱལ་ཁབ་ཀྱི་ཙུང་ཐུང་གི་རུལ་རྒོལ་ཅུས་འཐུས་ཚབ་ཚོགས་པར་
མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་26ཉིན། 11:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཝང་ཆི་ཧྲན་གྱིས་ཨུ་རུ་སུ་རྒྱལ་ཁབ་ཀྱི་ཙུང་ཐུང་གི་རུལ་རྒོལ་ཅུས་འཐུས་ཚབ་ཚོགས་པར་
མཇལ་འཕྲད་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་25ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོ་ན་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཆི་ཧྲན་གྱིས་ཀྲུང་ནན་ཧའེ་ཙི་ཀོང་ཀོ་རུ་ཨུ་རུ་སུ་རྒྱལ་ཁབ་ཀྱི་ཙུང་ཐུང་གི་རུལ་རྒོལ་ཅུས་ཀྱི་ཅུས་ཀྲང་ཕུའུ་ལུའོ་ཧོ་དབྱི་དང་བཅས་པར་མཇལ་འཕྲད་གནང་བ་རེད།
         ཝང་ཆི་ཧྲན་གྱིས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ལོ་བརྒྱ་ཐམ་པ་གཉིས་ཀྱི་འབད་འཐབ་དམིགས་ཡུལ་མངོན་འགྱུར་བྱེད་རྒྱུའི་ལས་འགན་གཞིར་བཟུང་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་བྱེད་རྒྱུར་སྣེ་ཁྲིད་བྱེད་པའི“ཕྱོགས་ཡོངས་ནས་བཞི”ཞེས་པའི་འཐབ་ཇུས་ཀྱི་བཀོད་སྒྲིག་བཏོན་པ་རེད། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་རྒྱུ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་རྒྱུ་དང་། ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་རྒྱུ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་བྱེད་རྒྱུ་བཅས་ཀྱི་རྩ་བའི་འགན་སྲུང་རེད། ཀྲུང་གོའི་འཕེལ་རྒྱས་ལ་འཛམ་གླིང་ཡོངས་ཀྱི་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་པ་དེ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དང་། རིགས་པའི་གཞུང་ལུགས། ལམ་ལུགས་བཅས་དང་འབྲེལ་བ་དམ་པོ་ཡོད་པས། ང་ཚོའི་ལམ་ལུགས་ལ་ཁྱད་འཕགས་ཀྱི་རང་བཞིན་ལྡན་པ་ར་སྤྲོད་བྱུང་བ་རེད། ཏང་གིས་ཡུན་རིང་སྲིད་འཛིན་བྱེད་པའི་ཆ་རྐྱེན་འོག་ལྷགས་པའི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་འཇལ་བར་ངེས་པར་དུ་ཏང་གི་རང་གིས་རང་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། ང་ཚོས་ལག་ལེན་དང་ལམ་ལུགས་གསར་གཏོད་རྒྱུན་ཆད་མེད་པར་བྱེད་པར་བརྟེན་ནས་རང་གིས་རང་འཐུས་སྒོ་ཚང་བ་དང་། རང་གིས་རང་གཙང་མར་འགྱུར་བ། རང་གིས་རང་གསར་བཅོས་བཅས་མངོན་འགྱུར་བྱས་ཏེ་ཏང་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་ལ་འགོ་ཁྲིད་བྱེད་པའི་སྲོག་ཤིང་འགྱུར་མེད་སྟོབས་ལྡན་ཞིག་ཏུ་འགྱུར་བར་འགན་སྲུང་སྲུང་ཏན་ཏིག་བྱེད་ཐུབ་ངེས་ཡིན་པར་ཡིད་ཆེས་ཡོད། ཀྲུང་ཨུ་རྒྱལ་ཁབ་གཉིས་བར་ཕྱོགས་གཉིས་དང་ཕྱོགས་མང་གི་རུལ་རྒོལ་ཁྱབ་ཁོངས་སུ་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད། 
         ཕུའུ་ལུའོ་ཧོ་དབྱི་ཡིས་ཀྲུང་གོའི་ཕྱོགས་དང་ཕན་ཚུན་རུལ་རྒོལ་ལས་དོན་གྱི་ཉམས་མྱོང་དཔྱད་གཞིའི་མེ་ལོང་དུ་འཛིན་པ་དང་། སྤེལ་རེས་དང་མཉམ་ལས་ཟབ་སྤེལ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།