མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཁེ་ལི་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་19ཉིན། 15:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཁེ་ལི་དང་མཇལ་འཛོམས་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་17ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཨ་རིའི་རྒྱལ་དོན་བློན་ཆེན་ཁེ་ལི་དང་མཇལ་འཛོམས་གནང་བ་རེད།
         ཞིས་ཅིན་ཕིང་གིས་མིག་སྔར་ཀྲུང་ཨའི་འབྲེལ་བ་སྤྱི་ཡོངས་ནས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བ་དང་ཀྲུང་ཨའི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་པར“དུས་ཐོག་མའི་ཕན་འབྲས”མི་ཉུང་བ་ཞིག་ཐོན་ཡོད། རྒྱལ་ཁབ་གཉིས་པོའི་ཚོང་དོན་མ་འཇོག་དང་དེ་བཞིན་མི་སྣ་འགྲོ་འོང་བཅས་ན་ནིང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་གཏོད་པ་དང་། ཕྱོགས་གཉིས་པོས་ནུས་རྒྱུ་དང་། དམག་གཉིས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཁྱབ་ཁོངས་གལ་ཆེའི་མཉམ་ལས་ལ་འཕེལ་རྒྱས་གསར་པ་བྱུང་བ། རྒྱལ་སྤྱི་དང་ས་ཁུལ་དང་གོ་ལ་ཧྲིལ་པོའི་གནད་དོན་སྐོར་འབྲེལ་མཐུད་དང་མཐུན་སྦྱོར་མཐའ་འཁྱོངས་བྱས་ཡོད། དུས་བབ་གསར་པའི་འོག་ཀྲུང་ཨའི་དབར་རྒྱལ་ཁབ་ཆེན་པོའི་འབྲེལ་བ་འཛུགས་རྒྱུའི་ཐད་གྲུབ་འབྲས་མང་ཙམ་གསོག་དགོས། ཕྱོགས་གཉིས་པོས་དངོས་དོན་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་ནས་མཉམ་ལས་ཀྱི་བཀྲག་མདངས་འཚེར་ས་གཏོད་དགོས། དུས་མཚུངས་སུ་ཕྱོགས་གཉིས་པོས་མི་མཐུན་ས་དོ་དམ་ཚོད་འཛིན་དང་ཐག་གཅོད་འོས་འཚམ་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཁ་ཕྱོགས་ཆེན་པོར་འགོག་རྐྱེན་མི་ཕོག་པ་བྱེད་དགོས་ཞེས་བསྟན་པ་རེད།
         ཞིས་ཅིན་ཕིང་གིས་ཡངས་པའི་ཞི་བདེ་རྒྱ་མཚོར་ཀྲུང་ཨ་རྒྱལ་ཁབ་ཆེན་པོ་གཉིས་ཤོང་བའི་བར་མཐོངས་འདང་ངེས་ཡོད་ཅེས་ངས་དེ་སྔ་ཐེངས་མང་ཤོད་མྱོང་ཡོད། ཀྲུང་ཨ་ཕྱོགས་གཉིས་པོས་ཁ་སྤྲོད་དུ་བསྐྱོད་པ་དང་། འབྲེལ་མཐུད་དང་སྐད་ཆ་ཤོད་རེས་མང་ཙམ་བྱེད་པ། ཡིད་ཆེས་ཆེ་རུ་གཏོང་བ་དང་དོགས་གནད་སེལ་བ། མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་ཀྲུང་ཨའི་འབྲེལ་བ་དེ་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་པ་འཛུགས་པའི་འགྲོ་ལམ་ཡང་དག་བརྒྱུད་མདུན་ཕྱོགས་སུ་འཕེལ་རྒྱས་གཏོང་རྒྱུའི་འགན་ལེན་བྱ་རྒྱུའི་རེ་བ་ཡོད་ཅེས་བསྟན་པ་རེད།