མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཡུས་ཀྲེང་ཧྲེང་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པའི་མི་རིགས་ལས་དོན་གྱི་ཆེད་དོན་
ཞིབ་བསྡུར་འཛིན་གྲྭའི་སློབ་མའི་ཞུགས་མོལ་གྲོས་བསྡུར་ནང་ཞུགས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་23ཉིན། 09:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་ཟླ་5ཚེས་16ཉིན་གྱི་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པའི་མི་རིགས་ལས་དོན་གྱི་ཆེད་དོན་ཞིབ་བསྡུར་འཛིན་གྲྭའི་སློབ་མའི་ཞུགས་མོལ་གྲོས་བསྡུར་ནང་ཞུགས་སྐབས། མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་མགྱོགས་སུ་འགྲོ་རྒྱུར་རྒྱབ་སྐྱོར་བྱེད་པ་ནི། ཀྲུང་དབྱང་གི་གཞི་རྩའི་བྱེད་ཕྱོགས་ཞིག་ཡིན། ཀྲུང་དབྱང་གིས་མི་རིགས་ས་ཁུལ་གོང་འཕེལ་ལ་རོམས་རམ་དང་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ནི་བློ་བརྟན་འགྱུར་མེད་ཞིག་ཡིན་པ་དང་། རྒྱབ་སྐྱོར་བྱེད་ཤུགས་ཟམ་མི་ཆད་པར་ཤུགས་ཆེར་འགྲོ་གི་ཡོད། སླད་ཕྱིན་འདོན་རྒྱུའི་སྲིད་ཇུས་ནང་མི་རིགས་རྒྱུ་རྐྱེན་དང་ས་ཁོངས་རྒྱུ་རྐྱེན་གཅིག་སྒྱུར་འཆར་འགོད་བྱ་རྒྱུ་དང་། ཧེ་བག་ཅན་གྱི་ས་ཁོངས་སྲིད་ཇུས་དེ་བས་མང་བ་ནན་བཤད་བྱ་རྒྱུ་ཡིན། ས་གནས་ཁག་གིས་སྔོན་ལ་སྲིད་ཇུས་ཁག་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཀྲུང་དབྱང་གིས་ཉེ་བའི་ལོ་ཤས་ནང་བཏོན་པའི་རྒྱབ་སྐྱོར་སྲིད་ཇུས་བེད་སྤྱོད་ཡག་པོ་དང་བེད་སྤྱོད་གང་མང་བྱེད་དགོས། མི་རིགས་ས་ཁུལ་ནས་བསམ་བློར་བཅིངས་འགྲོལ་གཏོང་བ་དང་། ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་བརྒྱུད། མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་གསར་གཏོད་རང་བཞིན་བཅས་སྐུལ་སློང་བྱེད་པ་དང་། རང་ངོས་ཀྱི་གོང་འཕེལ་ནུས་པ་མཐོ་རུ་བཏང་ནས། རྒྱུན་མཐུད་རང་བཞིན་གྱི་ལམ་བུ་ཡག་པོ་ཞིག་གི་ཐོག་སྐྱོད་དགོས་ཅེས་བསྟན་ཡོད་པ་དང་། ཡུས་ཀྲེང་ཧྲེང་གིས། མི་རིགས་མཐུན་སྒྲིལ་ནི་རང་རྒྱལ་མི་རིགས་ཁག་མི་དམངས་ཀྱི་སྲོག་རྩ་ལྟ་བུ་ཡིན། བྱ་སྤྱོད་ཏན་ཏིག་སྤེལ་བ་དང་། མཉམ་དུ་བརྩེ་སེམས་སྤེལ་རེས་དང་གསོ་སྐྱོང་། མཉམ་འདྲེས་བཅས་ཀྱི་ལས་དོན་སྤེལ་བ། མཉམ་དུ་མང་ཚོགས་མཐུན་སྒྲིལ་དང་མི་སེམས་ཐོབ་པའི་ལས་དོན་སྤེལ་བ། མཉམ་དུ་གསར་གཏོད་དང་འཛུགས་སྐྲུན་བྱེད་པ་བཅས་བྱས་ནས། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་། རྒྱལ་ཁབ་གཅིག་སྒྱུར་བཅས་ཀྱི་མི་སེམས་འགོག་སྲུང་བརྟན་པོ་ཞིག་འཛུགས་དགོས། མི་རིགས་ཁག་གི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་མ་ལག་འདུ་ཤེས་གསོ་སྤེལ་བྱས་ནས། མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་སློབ་གསོ་ཡག་པོ་བྱེད་དགོས། མི་རིགས་ཁག་བར་གྱི་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ནས། ཕན་ཚུན་མཉམ་འདྲེས་ཀྱི་སྤྱི་ཚོགས་གྲུབ་ཆ་དང་སྤྱི་ཚོགས་ཁོར་ཡུག་འཛུགས་དགོས། ཁྲིམས་ལུགས་བེད་སྤྱད་ནས་མི་རིགས་མཐུན་སྒྲིལ་ལ་འགན་ལེན་བྱས་ཏེ། ཁྲིམས་ལྟར་མི་རིགས་བྱ་དོན་ལ་དོ་དམ་བྱེད་པའི་ནུས་པ་མཐོ་རུ་གཏོང་དགོས། ཏང་གིས་མི་རིགས་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་པ་དང་། ཆབ་སྲིད་ཐོག་ནས་མི་རིགས་འབྲེལ་བ་དམ་འཛིན་བྱེད་པ་དང་། མི་རིགས་གནད་དོན་ལ་ལྟ་རྒྱུ་རྒྱུན་འཁྱོངས་བྱས་ནས། བརྩེ་དུང་ཡོད་པའི་ཐོག་ནས་འབྲེལ་ཡོད་འཆར་འགོད་དང་སྲིད་ཇུས། ལས་དོན་བཀོད་སྒྲིག་བཅས་སྒྲིག་འཛུགས་དང་ལག་བསྟར་ཡག་པོ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། ༼ རྩོམ་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། ༽