མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་སན་ཐེ་ཨ་ཀོ་གྲོང་ཁྱེར་དུ་འབྱོར་ཏེ་ཆི་ལི་རྒྱལ་ཁབ་ལ་འཚམས་འདྲི་གནང་འགོ་བརྩམས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་26ཉིན། 13:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ལི་ཁེ་ཆང་སན་ཐེ་ཨ་ཀོ་གྲོང་ཁྱེར་དུ་འབྱོར་ཏེ་ཆི་ལི་རྒྱལ་ཁབ་ལ་འཚམས་འདྲི་གནང་འགོ་བརྩམས་པ།

མི་དམངས་དྲ་བའི་འཕྲིན། ཆི་ལི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་པ་ཆེ་ནའེ་ཐེ་ཡིས་གདན་ཞུ་གནང་བ་ལྟར་ཟླ་5ཚེས་24ཉིན་གྱི་ཕྱི་དྲོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ཆེད་སྤྱོད་གནམ་གྲུར་བཞུགས་ཏེ་སན་ཐེ་ཨ་ཀོ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འབྱོར་ཞིང་། ཆི་ལི་རྒྱལ་ཁབ་ལ་དངོས་གཞིའི་འཚམས་འདྲི་གནང་འགོ་བརྩམས་ཞིང་། ཙུང་ལི་ལི་ཁེ་ཆང་གི་སྐུ་ཟླ་ཁྲེན་ཧུང་ཡང་མཉམ་དུ་སན་ཐེ་ཨ་ཀོ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འབྱོར་བ་རེད།
         འཚམས་འདྲི་གནང་རིང་ལི་ཁེ་ཆང་གིས་ཙུང་ཐུང་པ་ཆེ་ནའེ་ཐེ་དང་གྲོས་མོལ་གནང་རྒྱུ་ཡིན་ལ། མཉམ་དུ་གསར་འགོད་པ་རྣམས་ལ་མཇལ་འཕྲད་གནང་བ་དང་། མཉམ་དུ་ཀྲུང་ཆི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་45འཁོར་བའི་དཔལ་འབྱོར་ཉོ་ཚོང་ཞིབ་གྲོས་ཚོགས་འདུ་དང་ཀྲུང་ཆི་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པར་ཞུགས་རྒྱུ་ཡིན། ལི་ཁེ་ཆང་གིས་ད་དུང་གདན་འདྲེན་ཞུ་བ་ལྟར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལ་ཐིན་ཨ་མེ་རི་ཁ་གླིང་དང་ཅ་ལེ་པིའི་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་གསུང་བཤད་ཀྱང་གནང་རྒྱུ་རེད།

༄༅།།ལི་ཁེ་ཆང་སན་ཐེ་ཨ་ཀོ་གྲོང་ཁྱེར་དུ་འབྱོར་ཏེ་ཆི་ལི་རྒྱལ་ཁབ་ལ་འཚམས་འདྲི་གནང་འགོ་བརྩམས་པ།