མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲང་ཀའོ་ལི་ཡིས་ཨེ་ཤེ་ཡའི་གསར་སྤེལ་དངུལ་ཁང་གི་ཀྲུང་གོར་འཚམས་འདྲི་ཞུ་བའི་ཚོགས་པར་
མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་26ཉིན། 13:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཀྲང་ཀའོ་ལི་ཡིས་ཨེ་ཤེ་ཡའི་གསར་སྤེལ་དངུལ་ཁང་གི་ཀྲུང་གོར་འཚམས་འདྲི་ཞུ་བའི་ཚོགས་པར་
མཇལ་འཕྲད་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་25ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལི་ཡིས་ཀྲུང་ནན་ཧའེ་ཙི་ཀོང་ཀོ་རུ་ཨེ་ཤེ་ཡའི་གསར་སྤེལ་དངུལ་ཁང་གི་ལག་བསྟར་ལས་འཛིན་པ་ཀྲུང་གོར་འཚམས་འདྲི་ཞུ་བའི་ཚོགས་པར་མཇལ་འཕྲད་གནང་བ་རེད།
          ཀྲང་ཀའོ་ལི་ཡིས་ཨེ་ཤེ་ཡའི་གསར་སྤེལ་དངུལ་ཁང་གིས་ཀྲུང་གོའི་བསྒྱུར་བཅོས་འཕེལ་རྒྱས་དང་དབུལ་སྐྱོར་འགག་སྒྲོལ་ལ་དམིགས་པ་དང་། དངུལ་བུན་རྣམ་གྲངས་འདྲེན་རྟེན་བྱས་ཏེ་སྔར་ལས་རྒྱུད་རིམ་ལྡན་པའི་སྒོ་ནས་ཀྲུང་གོའི་འཕེལ་རྒྱས་འཐབ་ཇུས་གལ་ཆེན་ལག་ལེན་དུ་བསྟར་བར་རྒྱབ་སྐྱོར་བྱེད་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཀྲུང་གོའི་ཕྱོགས་ཀྱིས་སྔར་མུས་སུ་ཨེ་ཤེ་ཡའི་གསར་སྤེལ་དངུལ་ཁང་ཀྱིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁུལ་དུ་དབུལ་ཕོངས་ཉུང་དུ་གཏོང་བ་དང་འཕེལ་རྒྱས་གཏོང་བའི་བྱ་གཞག་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད།