མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ནུས་ཤུགས་ཡོད་རྒུས་མི་འཚོལ་སྐྱོབ་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་
པའི་བླང་བྱ་བཏོན་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་04ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་1ཉིན་གྱི་ཆུ་ཚོད་21དང་སྐར་མ་30ཙམ་ལ་ཁྲུང་ཆིང་ཤར་ཕྱོགས་འཁོར་གྲུ་ཀུང་སིར་གཏོགས་པའི་ཡུལ་སྐོར་འགྲུལ་སྐྱེལ་གྲུ་གཟིངས“ཤར་ཕྱོགས་རྒྱུ་སྐར”རྟགས་ཅན་གྱི་གྲུ་གཟིངས་ནན་ཅིང་ནས་ཁྲུང་ཆིང་དུ་གཏོང་བའི་ལམ་བར་གློ་བུར་དུ་རླུང་སྒོར་འཚུབ་བརྒྱབ་ནས་མགོ་རྟིང་ལོག་ཅིང་། ཐོག་མའི་བསྡོམས་རྩིས་ལ་གཞིགས་ན། དོན་རྐྱེན་ཐོན་པའི་འགྲུལ་སྐྱེལ་གྲུ་གཟིངས་ནང་ཁྱོན་བསྡོམས་མི་གྲངས་458ཡོད་པ་དང་དེའི་ནང་འགྲུལ་པ་406ཡོད་པ་རེད།
         དོན་རྐྱེན་ཐོན་རྗེས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚད་མཐོའི་མཐོང་ཆེན་གནང་ནས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ལམ་སེང་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལས་དོན་ཚོགས་ཆུང་མངགས་ནས་དོན་རྐྱེན་ཐོན་ཡུལ་དུ་འཚོལ་སྐྱོབ་ལས་དོན་ལ་མཛུབ་ཁྲིད་དང་། ཧུའུ་པེ་ཞིང་ཆེན་དང་ཁྲུང་ཆིང་གྲོང་ཁྱེར་དང་དེ་བཞིན་འབྲེལ་ཡོད་ཐད་ཀྱིས་ནུས་ཤུགས་འདང་ངེས་སྒྲིག་འཛུགས་བྱས་ནས་ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་བྱེད་པ་དང་སྦྲགས་འབྲེལ་ཡོད་ཀྱི་རྗེས་མཇུག་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་། དེ་དང་ཆབས་ཅིག་བསླབ་བྱ་གཏིང་ཟབ་ལེན་པ་དང་སྤྱི་པའི་བདེ་འཇགས་སྲུང་སྐྱོབ་ཀྱི་བྱ་ཐབས་ཤུགས་ཆེར་བཏང་ནས་མི་དམངས་ཀྱི་ལུས་སྲོག་བདེ་འཇགས་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།