མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་སྐྱོབ་རོགས་ལས་དོན་ཐད་མཆན་བཀོད་མཛུབ་སྟོན་དང་འབྲེལ་དོན་རྐྱེན་ཐོན་
ཡུལ་དུ་འཚོལ་སྐྱོབ་ལ་བཀོད་འདོམས་གནང་བར་ཕེབས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་04ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ལམ་སེང་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་སོགས་འབྲེལ་ཡོད་ཕྱོགས་ཀྱིས་མྱུར་དུ་སྐོང་འགུག་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་སྐོང་འགུག་དང་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་མི་འཚོལ་སྐྱོབ་བྱས་ནས་འཆི་རྨས་ཀྱི་མི་གྲངས་ཚད་གཞི་དམའ་ཤོས་སུ་ཚོད་འཛིན་ཐུབ་པ་བྱེད་པ་དང་ཆབས་ཅིག་བསྐྱབས་པའི་མི་ལ་དུས་ཐོག་ཏུ་སྨན་བཅོས་བྱེད་དགོས་པའི་མཆན་བཀོད་མཛུབ་སྟོན་གནང་ཡོད།
         ལི་ཁེ་ཆང་གིས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་ཚབ་ཞུས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་མ་ཁའེ་དང་རྒྱལ་དོན་ཨུ་ཡོན་དབྱང་ཅིང་དང་དེ་བཞིན་འབྲེལ་ཡོད་ཚན་པའི་འགན་ཁུར་བློ་མཐུན་གྱི་སྣེ་ཁྲིད་གནང་ནས་དོན་རྐྱེན་ཐོན་ཡུལ་དུ་སྐྱོབ་རོགས་དང་འཕྲལ་སྡོམ་ཐག་གཅོད་ལས་དོན་ལ་བཀོད་འདོམས་གནང་བར་ཕེབས་ཡོད། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་རིམ་པ་དང་པོའི་འཕྲལ་སྡོམ་བྱ་ཐབས་སྤྱོད་པ་དང་གྲུ་གཟིངས་མང་པོ་མཐུན་སྦྱོར་བྱས་ནས་དོན་རྐྱེན་ཐོན་ཡུལ་དུ་འཚོལ་སྐྱོབ་བྱེད་བཞིན་ཡོད། ཧུའུ་པེ་དང་ཧུའུ་ནན་ཞིང་ཆེན་གྱི་འགན་ཁུར་བློ་མཐུན་གཙོ་བོ་མྱུར་དུ་དོན་རྐྱེན་ཐོན་ཡུལ་དུ་འཚོལ་སྐྱོབ་ལས་དོན་སྒྲིག་འཛུགས་གནང་བར་ཕེབས་ཡོད། མིག་སྔར་འཚོལ་སྐྱོབ་ལས་དོན་ཛ་དྲག་ངང་སྤེལ་བཞིན་ཡོད།