མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གུང་ཀྲུང་དབྱང་གིས་བློ་མཐུན་ཁྲེན་ཡུན་འཁྲུངས་ནས་ལོ་110འཁོར་བར་དྲན་གསོ་
ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་14ཉིན། 07:29】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཀྲུང་གུང་ཀྲུང་དབྱང་གིས་བློ་མཐུན་ཁྲེན་ཡུན་འཁྲུངས་ནས་ལོ་110འཁོར་བར་དྲན་གསོ་
ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

མི་དམངས་དྲ་བའི་འཕྲིན། ཟླ་6ཚེས12ཉིན་གྱི་སྔ་དྲོ་ཀྲུང་གུང་ཀྲུང་དབྱང་གིས་མི་དམངས་ཚོགས་ཁང་ཆེན་མོར་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་བློ་མཐུན་ཁྲེན་ཡུན་འཁྲུངས་ནས་110འཁོར་བར་དྲན་གསོ་ཞུས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་སྐབས་རླབས་ཆེན་བྱ་གཞག་གིས་ང་ཚོར་རེ་འབོད་བྱེད་བཞིན་ཡོད། བརྗིད་ཆེའི་ལས་འགན་གྱིས་ང་ཚོར་ལྕག་སྐུལ་གཏོང་བཞིན་ཡོད། ང་ཚོས་ངེས་པར་དུ་བློ་བརྟན་འགྱུར་མེད་ངང་གསར་བརྗེ་མཁས་ཅན་རྒན་རབས་ཀྱིས་བཏོད་པའི་རླབས་ཆེན་བྱ་གཞག་ལ་མུ་མཐུད་སྐུལ་མ་གཏོང་རྒྱུ་དེ་ནི་ང་ཚོའི་ལོ་རྒྱུས་ཀྱི་ལས་འགན་ཞིག་ཡིན་པ་མ་ཟད། གསར་བརྗེ་མཁས་ཅན་རྒན་རབས་ལ་དྲན་གསོ་ཡག་ཤོས་ཞུས་པ་ཞིག་ཀྱང་རེད་ཅེས་ནན་བཤད་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཁེ་ཆང་དང་། ཡུས་ཀྲེང་ཧྲེང་། ཝང་ཆི་ཧྲན། ཀྲང་ཀའོ་ལི་བཅས་བཞུགས་མོལ་ཚོགས་འདུར་ཕེབས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལིའུ་ཡུན་ཧྲན་གྱིས་གཙོ་སྐྱོང་གནང་བ་རེད།
         ཞིས་ཅིན་ཕིང་གིས་གསུང་བཤད་གནང་སྐབས་བློ་མཐུན་ཁྲེན་ཡུན་གྱི་སྐུ་ཚེ་ཧྲིལ་པོའི་རླབས་ཆེན་མཛད་རྗེས་ལ་ཕྱིར་མིག་དང་བློ་མཐུན་ཁྲེན་ཡུན་གྱིས་རང་རྒྱལ་གྱི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་ཆེད་དུ་ཕུལ་བའི་ཁྱད་དུ་འཕགས་པའི་ལེགས་སྐྱེས་ཕྱོགས་སྡོམ་གནང་བ་དང་། བློ་མཐུན་ཁྲེན་ཡུན་ནི་རླབས་ཆེན་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་མཁས་ཅན་དང་ཆབ་སྲིད་མཁས་ཅན་དང་། ཕུལ་དུ་བྱུང་བའི་མར་ཁེ་སི་རིང་ལུགས་པ། ཀྲུང་གོའི་སྤྱི་ཚོགས་རིང་ལུགས་དཔལ་འབྱོར་འཛུགས་སྐྲུན་གྱི་སྲོལ་གཏོད་པ་དང་རྨང་གཞི་འདིང་མཁན་གྲས་ཤིག ཡུན་རིང་ཚོད་བགམ་ཐེག་པའི་ཏང་དང་རྒྱལ་ཁབ་ཀྱི་ཁྱད་དུ་འཕགས་པའི་འགོ་ཁྲིད། བློ་མཐུན་མའོ་ཙེ་ཏུང་གིས་སྲོག་ཤིང་གནང་བའི་ཀྲུང་དབྱང་གི་འགོ་ཁྲིད་མཉམ་སྡེབ་མི་རབས་དང་པོ་དང་བློ་མཐུན་ཏེང་ཞའོ་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་དབྱང་གི་འགོ་ཁྲིད་མཉམ་སྡེབ་མི་རབས་གཉིས་པའི་ཁོངས་མི་གལ་ཆེན་བཅས་ཡིན་པ་དང་། ཀྲུང་གོ་གསར་པ་འཛུགས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་དང་ཆབ་སྲིད་ལམ་ལུགས་གཏན་འཁེལ་བྱས་པ། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ཆེད་དུ་ཕུལ་བའི་མཛད་རྗེས་རྣམས་ཏང་དང་མི་དམངས་ཀྱིས་ནམ་ཡང་བློ་ལ་བརྟན་པོར་ངེས་རྒྱུ་རེད་ཅེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་དུས་རབས་20པའི་ཀྲུང་གོ་དཀའ་ཚེགས་ཆེ་ཞིང་འོད་སྟོང་འབར་བའི་ལོ་རྒྱུས་ནང་དམིགས་བསལ་རྒྱུ་ཆ་ལས་གྲུབ་པའི་ཕུལ་བྱུང་གུང་ཁྲན་ཏང་མི་འབོར་ཆེན་ཞིག་ཐོན་ཡོད། བློ་མཐུན་ཁྲེན་ཡུན་གྱི་ལུས་ཐོག་ནས་མཚོན་པའི་ཕུགས་བསམ་དད་སེམས་བརྟན་པོ་དང་། ཏང་གཤིས་རྩ་དོན་བརྟན་པོ། དངོས་འཛིན་དངོས་སྒྲུབ་ཀྱི་སྤྱོད་ཚུལ། བབས་ཆགས་སྤྱི་ཞབས་ཀྱི་བརྩེ་སེམས། སློབ་སྦྱོང་ཧུར་ཐག་གནང་བའི་སྙིང་སྟོབས་བཅས་ང་ཚོས་ནམ་ཡང་སློབ་སྦྱོང་བྱེད་འོས་པ་ཞིག་རེད། ང་ཚོས་བློ་མཐུན་ཁྲེན་ཡུན་ལ་དྲན་གསོ་ཞུ་བར་དད་སེམས་བརྟན་སྲུང་བྱེད་པའི་ཁོང་གི་སྙིང་སྟོབས་ལ་སློབ་སྦྱོང་ཞུ་དགོས། དུས་དང་རྣམ་པ་ཀུན་ཏུ་བློ་མཐུན་ཁྲེན་ཡུན་གྱིས་མར་ཁེ་སི་རིང་ལུགས་དང་གུང་ཁྲན་རིང་ལུགས་ཀྱི་དད་སེམས་བརྟན་སྲུང་བྱེད་པ་ལས་གཡོ་འགུལ་བཏང་མེད། ཏང་ཡོངས་ཀྱི་བློ་མཐུན་ཚོས་ངེས་པར་དུ་གུང་ཁྲན་ཏང་མིའི་བསམ་པའི་ཁྱིམ་གཞིས་བརྟན་སྲུང་བྱས་ཏེ་ཕྱི་རོལ་ཡུལ་གྱི་འཇིག་རྟེན་སྒྱུར་བཀོད་དང་རང་སྣང་ཡུལ་གྱི་འཇིག་རྟེན་སྒྱུར་བཀོད་བྱ་རྒྱུ་ཟུང་འབྲེལ་བྱས་ཏེ་འཇིག་རྟེན་ལྟ་ཚུལ་དང་། མི་ཚེའི་ལྟ་ཚུལ། རིན་ཐང་ལྟ་ཚུལ་བཅས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཏེ་གུང་ཁྲན་ཏང་མིའི་ངར་ལྕགས་ལྟ་བུའི་སྙིང་སྟོབས་ཆགས་པ་དང་དད་སེམས་བརྟན་སྲུང་བྱེད་པའི་ཟངས་གྱང་ལྕགས་རྩིག་བརྟན་པོ་བསྐྲུན་ཏེ་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་ཆེད་དུ་འབད་འཐབ་བྱེད་དགོས་ཞེས་མཛུབ་སྟོན་གནང་བ་རེད།
          ཞིས་ཅིན་ཕིང་གིས་ང་ཚོས་བློ་མཐུན་ཁྲེན་ཡུན་ལ་དྲན་གསོ་ཞུ་བར་ཏང་གཤིས་བརྟན་པའི་ཁོང་གི་སྙིང་སྟོབས་ལ་སློབ་སྦྱོང་ཞུ་དགོས། བློ་མཐུན་ཁྲེན་ཡུན་གྱིས་གསར་བརྗེའི་ཁེ་ཕན་དེ་ཐམས་ཅད་ལས་ལྷག་པར་བརྩིས་ནས་ཏང་གི་སྒྲིག་ལམ་ནན་པོ་སྲུང་བ་དང་བློ་རྩ་བརྟན་པོས་ཏང་གི་གྲོས་ཆོད་ལག་ལེན་བསྟར་གྱི་ཡོད། ཏང་ཡོངས་ཀྱི་བློ་མཐུན་ཚོས་ངེས་པར་དུ་རྒྱུན་ཆད་མེད་པར་ཏང་གཤིས་སྦྱོང་བརྡར་བྱེད་པ་དང་རྒྱུན་ཆད་མེད་པར་སྒྲིག་ལམ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཏང་གི་མཐུན་སྒྲིལ་གཅིག་གྱུར་སྲུང་སྐྱོང་མཐའ་གཅིག་ཏུ་དང་ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོབ་མཐའ་གཅིག་ཏུ་བྱས་ནས་ཏང་ཡོངས་ཀྱི་འདོད་བློ་གཅིག་གྱུར་དང་། བྱ་སྤྱོད་གཅིག་གྱུར། གོམ་སྟབས་གཅིག་གྱུར་བཅས་ཀྱི་སྒོ་ནས་མདུན་དུ་བསྐྱོད་རྒྱུའི་འགན་ལེན་བྱེད་དགོས། ང་ཚོས་བློ་མཐུན་ཁྲེན་ཡུན་ལ་དྲན་གསོ་ཞུ་བར་བློ་གཅིག་སེམས་གཅིག་ངང་མི་དམངས་ལ་ཞབས་འདེགས་ཞུ་བའི་ཁོང་གི་སྙིང་སྟོབས་ལ་སློབ་སྦྱོང་ཞུ་དགོས། ཏང་དང་མི་དམངས་མང་ཚོགས་དབར་གྱི་འབྲེལ་བ་ནི་བློ་མཐུན་ཁྲེན་ཡུན་གྱིས་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་གནང་བའི་གནད་དོན་ཞིག་རེད། བློ་མཐུན་ཁྲེན་ཡུན་གྱིས་རང་གཅུན་ནན་པོ་དང་། གཞུང་དྲང་སྤྱོད་གཙང་། ཐོག་མཐའ་བར་གསུམ་དུ་དམིགས་བསལ་དབང་ཆར་ངོ་རྒོལ་དང་རུལ་སུངས་ལ་ངོ་རྒོལ་གནང་བ། བློ་མཐུན་ལ་དྲང་བཞག་དྲང་སྙོམས་གནང་གི་ཡོད། ཏང་ཡོངས་ཀྱི་བློ་མཐུན་ཚོས་ངེས་པར་དུ་མི་དམངས་དང་མཉམ་དུ་གནས་རྒྱུ་མཐའ་འཁྱོངས་དང་མང་ཚོགས་དང་སེམས་པ་གཅིག་མཐུན་མཐའ་འཁྱོངས་བྱས་ཏེ་དམངས་ཀྱི་སེམས་ཁྲལ་སེལ་བ་དང་མིག་མཐོང་ལག་ཟིན་གྱི་བྱ་བ་བསྒྲུབས་ཏེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་མ་གཏོང་ཆེད་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་ཞེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་ང་ཚོས་བློ་མཐུན་ཁྲེན་ཡུན་ལ་དྲན་གསོ་ཞུ་བར་དངོས་ཐོག་བདེན་འཚོལ་གྱི་ཁོང་གི་སྙིང་སྟོབས་ལ་སློབ་སྦྱོང་ཞུ་དགོས། དངོས་ཐོག་བདེན་འཚོལ་ཐད་བློ་མཐུན་ཁྲེན་ཡུན་གྱིས་སྐུ་ཚེ་ཧྲིལ་པོར་ལག་ལེན་གནང་བ་དང་བརྟག་དཔྱད་ཞིབ་འཇུག་ལ་བརྟེན་ནས་ཐབས་ཇུས་འགོད་པ་ནི་བློ་མཐུན་ཁྲེན་ཡུན་གྱིས་དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་གནང་བའི་བསམ་བློའི་བྱ་ཐབས་དང་ལས་ཀའི་བྱ་ཐབས་རེད། ཏང་ཡོངས་ཀྱི་བློ་མཐུན་ཚོས་ངེས་པར་དུ་དངོས་ཐོག་བདེན་འཚོལ་དེ་ལས་དོན་ཁག་ནང་ཁྱབ་པ་བྱས་ནས“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་ངང་སྐུལ་འདེད་གཏོང་ཆེད་ལས་ཀའི་རྨང་གཞི་བརྟན་པོ་ཞིག་འདིང་དགོས། ང་ཚོས་བློ་མཐུན་ཁྲེན་ཡུན་ལ་དྲན་གསོ་ཞུ་བར་སྙིང་རུས་ཆེན་པོས་སློབ་སྦྱོང་བྱེད་པའི་ཁོང་གི་སྙིང་སྟོབས་ལ་སློབ་སྦྱོང་ཞུ་དགོས། ཏང་ཡོངས་ཀྱི་བློ་མཐུན་ཚོས་ངེས་པར་དུ་སློབ་སྦྱོང་དེ་ཆབ་སྲིད་ཀྱི་འགན་འཁྲི་ཞིག་དང་། བསམ་པའི་དོན་གཉེར་ཞིག འཚོ་བ་སྐྱེལ་སྟངས་ཤིག་བཅས་ལ་བརྩིས་ནས་སློབ་སྦྱོང་བྱས་ཏེ་རིག་པར་ཕན་པ་དང་། སློབ་སྦྱོང་བྱས་ནས་བློ་སྟོབས་ལ་སྐུལ་མ་གཏོང་བ། སློབ་སྦྱོང་བྱས་ནས་སྤྱོད་བཟང་འཛུགས་པ། སློབ་སྦྱོང་བྱས་ནས་བློ་སྦྱོང་མཐོ་རུ་གཏོང་བ་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།