མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲང་ཏེ་ཅང་གིས་ལྷོ་ཁོ་རེ་ཡར་དངོས་གཞིའི་མཛའ་མཐུན་འཚམས་འདྲི་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་15ཉིན། 14:35】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཀྲང་ཏེ་ཅང་གིས་ལྷོ་ཁོ་རེ་ཡར་དངོས་གཞིའི་མཛའ་མཐུན་འཚམས་འདྲི་གནང་བ།

མི་དམངས་དྲ་བའི་འཕྲིན། ལྷོ་ཁོ་རེ་ཡའི་རྒྱལ་ཚོགས་ཀྱི་ཚོགས་གཙོ་ཀྲེང་དབྱི་ཧོ་ཡིས་གདན་ཞུས་གནང་བ་ལྟར་ཟླ་6ཚེས་11ཉིན་ནས་ཚེས་13ཉིན་བར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་ལྷོ་ཁོ་རེ་ཡར་དངོས་གཞིའི་མཛའ་མཐུན་འཚམས་འདྲི་གནང་ཞིང་། རྒྱལ་ས་ཧྲོའུ་ཨེར་གྲོང་ཁྱེར་དུ་ལྷོ་ཁོ་རེ་ཡའི་ཙུང་ཐུང་ཕིའོ་ཅིན་ཧུའེ་ལ་མཇལ་འཕྲད་གནང་བ་དང་། རྒྱལ་ཚོགས་ཀྱི་ཚོགས་གཙོ་ཀྲེང་དབྱི་ཧོ་དང་གྲོས་མོལ་གནང་བ་མ་ཟད། ད་དུང་སྔ་ཕྱིར་རྒྱལ་ཁབ་ཏང་གསར་པའི་འགོ་གཙོ་ཅིན་ཝུའུ་ཤིན་དང་ཆབ་སྲིད་དམངས་གཙོ་མཉམ་འབྲེལ་ཏང་གསར་པའི་འགོ་གཙོ་ཝུན་ཙའེ་ཡན་ལ་མཇལ་འཕྲད་གནང་བ་རེད།
         འཚམས་འདྲི་གནང་བའི་རིང་ལི་ཁེ་ཆང་གིས་སྔ་ཕྱིར་རྒྱལ་སའི་ཉེ་འདབས་ཁུལ་གྱི་ཁུལ་དཔོན་ནན་ཅིན་པི་དང་ལྷོ་ཁོ་རེ་ཡ་དང་ཀྲུང་གོ་མཛའ་མཐུན་ཚོགས་པ་བདུན་གྱི་འགན་ཁུར་པར་མཇལ་འཕྲད་གན་བ་མ་ཟད། ལྷོ་ཁོ་རེ་ཡའི་ཁེ་ལས་གྲགས་ཅན་ཁག་ཅིག་ལ་གཟིགས་ཞིབ་ཡང་གནང་བ་རེད།

༄༅།།ཀྲང་ཏེ་ཅང་གིས་ལྷོ་ཁོ་རེ་ཡར་དངོས་གཞིའི་མཛའ་མཐུན་འཚམས་འདྲི་གནང་བ།