མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།《དྲ་སྦྲེལ་སོགས་ཆ་འཕྲིན་དྲ་རྒྱའི་ཐོག་བརྙན་ལམ་དང་སྒྲ་ལམ་ལེ་ཚན་བརྒྱུད་སྤེལ་གྱི་
དོ་དམ་བྱེད་ཐབས་(བཟོ་བཅོས་བསམ་འཆར་བསྡུ་ལེན་མ་ཟིན)》
ལ་བསམ་འཆར་བསྡུ་ལེན་བྱས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་16ཉིན། 09:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཁྲིམས་ལུགས་གཞུང་དོན་ཁང་གིས་ཁ་ཉིན་《དྲ་སྦྲེལ་སོགས་ཆ་འཕྲིན་དྲ་རྒྱའི་ཐོག་བརྙན་ལམ་དང་སྒྲ་ལམ་ལེ་ཚན་བརྒྱུད་སྤེལ་གྱི་དོ་དམ་བྱེད་ཐབས་(བཟོ་བཅོས་བསམ་འཆར་བསྡུ་ལེན་མ་ཟིན)》ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱས་པ་དང་། བསམ་འཆར་བསྡུ་ལེན་ཟིན་བྲིས་ནང་དྲ་རྒྱའི་རླུང་འཕྲིན་དང་བརྙན་འཕྲིན་ནང་དོན་གྱི་ཞབས་ཞུ་ཚན་པར་ཆེད་ལས་ལེ་ཚན་ཞིབ་བཤེར་མི་སྣ་བཀོད་སྒྲིག་བྱེད་དགོས་པ་དང་དེ་ལས་ལྡོག་ཚེ་ཐ་ཚིག་བསྒྲགས་པ་དང་ཡོ་བསྲང་བྱ་རྒྱུའི་བཀའ་བཏང་ཐོག་སྒོར་ཁྲི་3མན་གྱི་ཉེས་ཆད་གཅོད་ཆོག གཞན་ཡང་དྲ་རྒྱའི་རླུང་འཕྲིན་བརྙན་འཕྲིན་ནང་དོན་ཞབས་ཞུ་ཚན་པས་བསྟན་པའི་སྐབས་དེའི་ཆབ་སྲིད་ཀྱི་གནས་ཚུལ་རིགས་ཀྱི་ལྟ་ཉན་གསར་འགྱུར་ལེ་ཚན་དེ་ས་ཁུལ་(གྲོང་ཁྱེར)རིམ་པ་ཡན་གྱི་རླུང་འཕྲིན་དང་བརྙན་འཕྲིན་ལས་ཁུངས་ཀྱིས་བཟོས་པ་དང་བསྟན་པའི་གསར་འགྱུར་ལེ་ཚན་ཡིན་དགོས་པའི་གཏན་འབེབས་བྱས་པ་དེ་ཐོག་ནས་དྲ་སྦྲེལ་གྱིས་སྐབས་དེའི་ཆབ་སྲིད་ཀྱི་གནས་ཚུལ་རིགས་ཀྱི་གསར་འགྱུར་ལེ་ཚན་བཟོ་རྒྱུ་བཀག་སྡོམ་བྱས་པ་མཚོན་པ་རེད།
         བསམ་འཆར་བསྡུ་ལེན་མ་ཟིན་གྱི་འགྲེལ་བཤད་ནང་བྱེད་ཐབས་དེར་མ་གཞིགས་པར་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་བརྙན་འཕྲིན་སྲིད་འཛིན་སྡེ་ཚན་གྱིས་སྤྲད་པའི་《ཆོག་འཐུས་ལག་ཁྱེར་》ཐོབ་པ་ཡིན་ཚེ་ཚན་པ་དང་མི་སྒེར་གང་རུང་གིས་དྲ་རྒྱའི་རླུང་འཕྲིན་བརྙན་འཕྲིན་ཞབས་ཞུའི་ནང་ཞུགས་ཆོག་གི་མེད་ཅེས་འགྲེལ་བཤད་བྱས་པ་རེད།
         བསམ་འཆར་བསྡུ་ལེན་གྱི་མ་ཟིན་ནང་དྲ་རྒྱའི་རླུང་འཕྲིན་བརྙན་འཕྲིན་ནང་དོན་ཞབས་ཞུའི་ཚན་པས་བསྟན་པའི་ལེ་ཚན་དེ་བཅའ་ཁྲིམས་དང་། སྲིད་འཛིན་ཁྲིམས་སྲོལ། སྡེ་ཚན་གྱི་སྒྲིག་སྲོལ་བཅས་དང་འཚམ་དགོས་པ་མ་ཟད། བསྟན་པའི་གློག་བརྙན་དང་། བརྙན་འཕྲིན་འཁྲབ་གཞུང་། འགུལ་བརྙན་པར་གཞི། དངོས་པར་གློག་བརྙན་བཅས་དང་ལེ་ཚན་གཞན་དག་རྒྱལ་ཁབ་ཀྱི་འབྲེལ་ཡོད་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ལེ་ཚན་གྱི་དོ་དམ་གཏན་འབེབས་དང་མཐུན་དགོས་པ་དམིགས་བསལ་དུ་བཏོན་ཡོད། དྲ་རྒྱའི་རླུང་འཕྲིན་བརྙན་འཕྲིན་ནང་དོན་ཞབས་ཞུ་ཚན་པས་བསྟན་པའི་སྐབས་དེའི་ཆབ་སྲིད་ཀྱི་གནས་ཚུལ་རིགས་ཀྱི་ཉན་ལྟའི་གསར་འགྱུར་ལེ་ཚན་དེ་ས་ཁུལ་(གྲོང་ཁྱེར)རིམ་པ་ཡན་གྱི་རླུང་འཕྲིན་དང་བརྙན་འཕྲིན་ལས་ཁུངས་ཀྱིས་བཟོས་པ་དང་བསྟན་པའི་གསར་འགྱུར་ལེ་ཚན་ཡིན་དགོས་པའི་གཏན་འབེབས་བྱས་པ་དེ་ཐོག་ནས་འཕྲིན་སྦྲེལ་དྲ་བས་སྐབས་དེའི་ཆབ་སྲིད་ཀྱི་གནས་ཚུལ་རིགས་ཀྱི་གསར་འགྱུར་ལེ་ཚན་བཟོ་རྒྱུ་བཀག་སྡོམ་བྱས་པ་མཚོན་པ་རེད།
          བསམ་འཆར་བསྡུ་ལེན་གྱི་མ་ཟིན་ནང་དྲ་རྒྱའི་རླུང་འཕྲིན་བརྙན་འཕྲིན་ཞབས་ཞུ་ཚན་པས་དྲ་རྒྱུའི་ཆ་འཕྲིན་བདེ་འཇགས་དོ་དམ་ལམ་ལུགས་དང་། འགན་ལེན་མ་ལག འཕྲལ་སྒྲུབ་ཐག་གཅོད་ལམ་སྲོལ་བཅས་བཙུགས་ནས་བདེ་འཇགས་འགན་ལེན་གྱི་འོས་འགན་སྒྲུབ་དགོས་པའི་གཏན་འབེབས་བྱས་པ་རེད།