མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་དམག་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད་སྤྱི་ཁྱབ་པུའུ་བཞི་དང་དམག་ཨུད་སྒྲིག་
ཨུད་ཀྱིས་《དཔུང་སྡེའི་གཞི་རིམ་གྱི་སྲོལ་བཟང་འཛུགས་སྐྱོང་ལ་ཤུགས་སྣོན་
རྒྱག་རྒྱུའི་སྐོར་གྱི་བསམ་འཆར་》པར་འགྲེམས་བྱས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་19ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་དམག་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད་སྤྱི་ཁྱབ་པུའུ་བཞི་དང་དམག་ཨུད་སྒྲིག་ཨུད་ཀྱིས་ཉེ་དུས་《དཔུང་སྡེའི་གཞི་རིམ་གྱི་སྲོལ་བཟང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་》(གཤམ་དུ་བསྡུས་མིང་ལ་《བསམ་འཆར་》ཞེས་བརྗོད་རྒྱུ)པར་འགྲེམས་བྱས་ཏེ་དམག་ཡོངས་དང་དྲག་ཆས་ཉེན་རྟོག་དཔུང་སྡེས་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
         《བསམ་འཆར་》ནང་ཀྲུའུ་ཞི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ་དུས་བབ་གསར་པའི་འོག་དམག་དཔུང་སྟོབས་ཆེར་གཏོང་བའི་ཏང་གི་དམིགས་ཚད་མངོན་འགྱུར་ཡོང་བ་བྱ་རྒྱུར་དམིགས་ནས་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ཁག་གཉིས་པའི་གྲུབ་འབྲས་དང་དཔུང་སྡེའི་ཉམས་མྱོང་དང་བྱེད་ཐབས་བཟང་པོ་རྒྱ་ཁྱབ་ངང་བསྡུ་ལེན་གྱིས་གཞི་རིམ་གྱི་སྲོལ་བཟང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་གནས་བབ་ཀྱི་ནུས་པ་གལ་ཆེན་དང་། སྤྱིའི་བླང་བྱ། ནང་དོན་གཙོ་བོ། རྒྱུན་གཏན་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་ལས་དོན་དང་རྩ་འཛུགས་ཀྱི་འགོ་ཁྲིད་སོགས་ཚད་ལྡན་བཟོས་པ་དང་ཞིབ་ཕྲའི་བྱ་ཐབས་བཏོན་པ་དེ་ནི་དུས་བབ་གསར་པའི་འོག་དཔུང་སྡེའི་གཞི་རིམ་གྱི་སྲོལ་བཟང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་མཛུབ་ཁྲིད་རང་བཞིན་གྱི་ཡིག་ཆ་གལ་ཆེན་ཞིག་ཡིན་ཞེས་འཁོད་ཡོད་པ་རེད།
          སྤྱི་ཁྱབ་པུའུ་བཞི་དང་དམག་ཨུད་སྒྲིག་ཨུད་ཀྱིས་བརྡ་ཐོ་བཏང་ནས་རིམ་པ་ཁག་ལ་གཞི་རིམ་གྱི་སྲོལ་བཟང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུའུ་ཞི་ཞིས་ཅིན་ཕིང་དང་དམག་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ཁོང་དུ་ནན་པོ་ཆུད་པ་བྱེད་པ་དང་གཞི་རིམ་གྱི་སྲོལ་བཟང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་གལ་ཆེའི་རང་བཞིན་དང་དགོས་གཏུག་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ནས་《བསམ་འཆར་》ལག་བསྟར་དོན་འཁྱོལ་བྱེད་པའི་འགན་འཁྲིའི་བསམ་པ་ཆེ་རུ་ཏན་ཏིག་གཏོང་དགོས། སློབ་སྦྱོང་དང་དྲིལ་བསྒྲགས་ལ་དམ་འཛིན་བྱེད་པ་དང་དཔོན་དམག་ཚོས་གཞི་རྩའི་དགོངས་དོན་དང་ནང་དོན་གྱི་བླང་བྱ་ཁོང་དུ་ཆུད་པ་བྱེད་དགོས་པའི་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱེད་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་སྲོལ་བཟང་གི་ཆེད་དོན་བཅོས་སྒྲིག་རྒྱུན་མཐུད་ངང་གཏིང་ཟབ་སྤེལ་བ། ནོར་འཁྲུལ་ཡོ་བསྲང་དང་སྒྲིག་སྲོལ་ལམ་ལུགས་བཟོ་རྒྱུ་གལ་ཆེ་མཉམ་དུ་འཛིན་ནས་གཞི་རིམ་གྱི་སྲོལ་བཟང་འཛུགས་སྐྱོང་གི་ཉམས་མྱོང་བཟང་པོ་དང་བྱ་ཐབས་བཟང་པོ་དེ་ནུས་ལྡན་གྱི་ལམ་ལུགས་དང་ལམ་སྲོལ་དུ་འགྱུར་བ་བྱེད་པ། སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་བདའ་འདེད་བྱ་ཤུགས་ཆེ་རུ་བཏང་ནས་ཞིབ་བཤེར་ནན་པོ་དང་ཡོ་བསྲང་ཏན་ཏིག་བྱེད་པ་དང་དར་སྲོལ་བཟང་པོ་དང་སྒྲིག་ཁྲིམས་ནན་པོ་སྲུང་བའི་དམ་བསྒྲགས་རྣམ་པ་མཐའ་འཁྱོངས་ཀྱིས་དར་སྲོལ་གསར་པ་འཛུགས་པ་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་བཏང་ནས་གཞི་རིམ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་བའི་རྨང་གཞི་བརྟན་དུ་ཧུར་ཐག་བཏང་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་མངོན་འགྱུར་ཡོང་ཆེད་དར་སྲོལ་བཟང་བའི་ཁོར་ཡུག་ཡག་པོ་ཞིག་གཏོད་དགོས་པའི་བླང་བྱ་བཏོན་ཡོད།