མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།《བདེན་འཚོལ་》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་རྒྱལ་ཡོངས་ཀྱི་ཕུལ་
བྱུང་རྫོང་ཨུད་ཧྲུའུ་ཅིར་མཇལ་འཕྲད་གནང་སྐབས་ཀྱི་
གསུང་བཤད་བཀོད་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་02ཉིན། 11:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་1ཉིན་པར་སྐྲུན་བྱས་པའི་དུས་ཐེངས་བཅུ་བདུན་པའི་《བདེན་འཚོལ་》དུས་དེབ་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གི་《རྒྱལ་ཡོངས་ཀྱི་ཕུལ་བྱུང་རྫོང་ཨུད་ཧྲུའུ་ཅིར་མཇལ་འཕྲད་གནང་སྐབས་གནང་བའི་གསུང་བཤད་》ཞེས་པའི་གསུང་བཤད་གལ་ཆེན་དེ་བཀོད་པ་རེད།
         ཞིས་ཅིན་ཕིང་གིས་གསུང་བཤད་ནང་རྫོང་རིམ་པ་ནི་རང་རེའི་ཏང་གི་རྩ་འཛུགས་གྲུབ་ཆ་དང་རྒྱལ་ཁབ་ཀྱི་སྲིད་དབང་གྲུབ་ཆའི་ནང་གི་འགག་རྩའི་ནུས་པ་ཁས་ལེན་གང་ལེགས་གནང་བ་དང་། དཔལ་འབྱོར་འཕེལ་རྒྱས་དང་། དམངས་འཚོ་འགན་ལེན། བརྟན་ལྷིང་སྲུང་སྐྱོང་། རྒྱལ་ཁབ་ཀྱི་ཡུན་རིང་བདེ་འཁོད་ལ་སྐུལ་གཏོང་བཅས་ཁྲོད་རྫོང་ཨུད་ཧྲུའུ་ཅིས་ནུས་པ་གལ་ཆེན་འདོན་སྤེལ་བྱེད་པར་ཚད་མཐོའི་སྣང་ཆེན་གནང་ནས་རྫོང་ཨུད་ནི་རང་རེའི་ཏང་གིས་སྲིད་སྐྱོང་རྒྱལ་དར་བྱེད་པའི“འཐབ་ས་དང་པོའི་བཀོད་འདོམས་པུའུ”དང་རྫོང་ཨུད་ཧྲུའུ་ཅི་ནི“འཐབ་ས་དང་པོའི་སྤྱི་ཁྱབ་བཀོད་འདོམས་དཔོན”ཡིན་པས་རྫོང་ཁོངས་སུ་རྒྱལ་སྐྱོང་སྲིད་སྐྱོང་བྱེད་པའི་རང་རེའི་ཏང་གི་རྐང་འཛིན་སྟོབས་ཤུགས་གལ་ཆེན་ཞིག་རེད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་གསུང་བཤད་གནང་སྐབས། རྒྱ་ཆེའི་རྫོང་ཨུད་ཧྲུའུ་ཅི་ཚོར་ཐུགས་རེ་ཟབ་མོ་བཏོན་གནང་ནས་གཅིག་ནས་ཆབ་སྲིད་གསལ་རྟོགས་པ་དང་། གཉིས་ནས་འཕེལ་རྒྱས་ཀྱི་ལམ་གཏོད་པ། གསུམ་ནས་མང་ཚོགས་ཀྱི་གཉེན་ཉེ་བ། བཞི་ནས་ཚན་ཁག་གི་སྣེ་ཁྲིད་པ་བཅས་བྱེད་དགོས། གཟེངས་བསྟོད་ཐོབ་པའི་རྒྱལ་ཡོངས་ཀྱི་ཕུལ་བྱུང་རྫོང་ཨུད་ཧྲུའུ་ཅི་མིག་དཔེར་བྱས་ཏེ་ཐོག་མཐའ་བར་གསུམ་དུ་སེམས་ནང་ཏང་ཡོད་པ་དང་། སེམས་ནང་དམངས་ཡོད་པ། སེམས་ནང་འགན་འཁྲི་ངེས་པ། སེམས་ནང་འདུལ་ཁྲིམས་ཡོད་པ་བཅས་ཀྱི་ཐོག་ནས་ཏང་དང་མི་དམངས་ཀྱིས་ཡིད་ཆེས་བྱེད་པའི་ལས་བྱེད་པ་ཡག་པོ་ཞིག་ཧུར་ཐག་བྱེད་དགོས་ཞེས་གསུངས་པ་རེད།
         གསུང་བཤད་དེ་ཡོངས་བསྒྲགས་ངང་སྤེལ་བ་ལས་ཏང་གི་རྩ་འཛུགས་རྨང་གཞི་དང་རྒྱལ་ཁབ་ཀྱི་སྲིད་དབང་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། རྫོང་ཨུད་དང་རྫོང་ཨུད་ཧྲུའུ་ཅིའི“འཐབ་ས་དང་པོའི་བཀོད་འདོམས་པུའུ”དང“འཐབ་སའི་དང་པོའི་བཀོད་འདོམས་དཔོན”གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། “ནན་གསུམ་དྲང་གསུམ”གྱི་སྤྱོད་ཚུལ་ཐོག་ནས“ཕྱོགས་ཡོངས་ནས་བཞི”ལག་བསྟར་དོན་འཁྱོལ་བྱེད་པ་བཅས་བྱས་ནས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱེད་པའི་རག་ལས་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་བྱེད་པར་མཛུབ་ཁྲིད་ཀྱི་ནུས་པ་གལ་ཆེན་ལྡན་ཡོད་པ་རེད།