མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲང་ཀའོ་ལིས“9·3”དྲན་གསོའི་བྱེད་སྒོའི་རིང་གི་རླུང་ཁམས་ཆེན་པོའི་སྦགས་བཙོག་
འགོག་བཅོས་དང་མཁའ་རླུང་གི་སྤུས་ཀ་འགན་སྲུང་བྱེད་པའི་ལས་དོན་
ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་02ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་31ཉིན་གྱི་སྔ་དྲོ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལི་པེ་ཅིང་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ཅུས་དང་ཀྲུང་གོ་གནམ་གཤིས་བརྟག་དཔྱད་ཅུས་སུ“9·3”དྲན་གསོའི་བྱེད་སྒོའི་རིང་གི་རླུང་ཁམས་ཆེན་པོའི་སྦགས་བཙོག་འགོག་བཅོས་དང་མཁའ་རླུང་གི་སྤུས་ཀ་འགན་སྲུང་བྱེད་པའི་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བར་ཕེབས་པ་རེད། ཁོང་གིས་སྔ་རྗེས་སུ་པེ་ཅིང་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ཅུས་དང་ཀྲུང་གོ་གནམ་གཤིས་བརྟག་དཔྱད་ཅུས་ཀྱི་སྙན་སེང་གསན་པ་དང་འབྲེལ་བརྙན་འཕྲིན་དྲ་འབྲེལ་བརྒྱུད་དེ་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་གནམ་གཤིས་བརྟག་དཔྱད་སྡེ་ཚན་གྱི་འབྲེལ་ཡོད་ལས་དོན་གནས་ཚུལ་ཤེས་རྟོགས་གནང་བ་དང་། མཁའ་རླུང་གི་སྤུས་ཀ་འགན་སྲུང་ལས་དོན་ནང་ཞུགས་མཁན་རྒྱ་ཆེའི་ལས་བཟོ་དང་རིགས་གཅིག་མཁས་ཅན་ཚོར་བྱམས་བརྩེའི་འཚམས་འདྲི་ཞུས་པ། མཁའ་རླུང་གི་སྤུས་ཀའི་འགན་སྲུང་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་སྐོར་ལ་བླང་བྱ་བཏོན་གནང་བ་རེད།
         ཀྲང་ཀའོ་ལིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ལ་ཙུང་ལི་ལི་ཁེ་ཆང་གིས་བླང་བྱ་གསལ་པོ་བཏོན་ཡོད། རླུང་ཁམས་ཆེན་པོའི་སྦགས་བཙོག་འགོག་བཅོས་དང་མཁའ་རླུང་གི་སྤུས་ཀ་འགན་སྲུང་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་དྲན་གསོའི་བྱེད་སྒོ་གྲུབ་འབྲས་ཐོབ་པའི་སྒོ་ནས་སྤེལ་རྒྱུ་དང་ཐད་ཀར་འབྲེལ་བ་ཡོད་པ་དང་། རྒྱལ་ཁབ་ཀྱི་གཟུགས་བརྙན་དང་འབྲེལ་བ་ཡོད་པ། མི་དམངས་ཀྱི་བདེ་ཐང་དང་འབྲེལ་བ་ཡོད་པ། རླུང་ཁམས་ཆེན་པོའི་སྦགས་བཙོག་འགོག་བཅོས་ལས་དོན་ཡག་པོ་སྒྲུབ་པའི་མི་དམངས་མང་ཚོགས་ཀྱི་ཡིད་ཆེས་ཆེ་རུ་གཏོང་རྒྱུར་ཕན་པ་ཡོད་པ་བཅས་རེད།
         ང་ཚོས་ངེས་པར་དུ་བསམ་བློའི་ངོས་འཛིན་དང་བྱ་སྤྱོད་དེ་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་“9·3”དྲན་གསོའི་བྱེད་སྒོའི་རིང་གི་རླུང་ཁམས་ཆེན་པོའི་སྦགས་བཙོག་འགོག་བཅོས་དང་མཁའ་རླུང་གི་སྤུས་ཀ་འགན་སྲུང་བྱེད་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་དགོས། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་དང་དེ་བཞིན་མཐའ་འཁོར་ས་ཁུལ་གྱི་རླུང་ཁམས་ཆེན་པོའི་སྦགས་བཙོག་འགོག་བཅོས་མཉམ་སྒྲུབ་ཚོགས་ཆུང་གི་ཆེད་དོན་ཚོགས་འདུའི་བཀོད་སྒྲིག་ལ་གཞིགས་ནས་མཁའ་རླུང་གི་སྤུས་ཀའི་འགྱུར་ལྡོག་གི་གནས་ཚུལ་ལ་རྗེས་སྙེགས་ལྟ་ཞིབ་ཚད་ལེན་དམ་ཟབ་བྱེད་པ་དང་མཉམ་དུ་འགོག་བཅོས་ཚོད་འཛིན་དང་ལྟ་ཞིབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པ་ཞིག་དམ་འཛིན་ཐུབ་པའི་འགན་ལེན་བྱེད་དགོས། མ་མཐའི་མཚམས་ཐིག་གི་བསམ་གཞིགས་མཐའ་འཁྱོངས་བྱེད་པ་དང་། དཀའ་ངལ་ཚོད་དཔག་དེ་བས་འཐུས་སྒོ་ཚང་ཙམ་བྱེད་པ། འགན་སྲུང་ལས་དོན་གྱི་ཇུས་གཞི་མཐུན་སྦྱོར་དེ་བས་ཏན་ཏིག་བྱེད་པ། ལས་དོན་སྒྲུབ་ཤུགས་ཆེ་རུ་གཏོང་བ། འཕྱུགས་པ་གཏན་ནས་མི་ཡོང་བ་བཅས་བྱས་ཏེ་དྲན་གསོའི་བྱེད་སྒོ་གྲུབ་འབྲས་ཐོབ་པའི་སྒོ་ནས་གཉེར་ཆེད་རླུང་ཁམས་ཆེན་པོའི་ཁོར་ཡུག་བཟང་པོ་མཁོ་འདོན་བྱེད་པ་དང་། ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་མི་དམངས་བཅས་ལ་བློ་ཡིད་ཚིམས་པའི་རྒྱུགས་ཤོག་ཅིག་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།