མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རང་རྒྱལ་གྱི་སྤྱི་དམངས་ལ་ལྡན་པའི་ཚན་རིག་བྱང་ཚད་ཀྱི་བསྡུར་ཚད་དེ“ལོ་ལྔ་ཚན་
བཅུ་གཉིས་པའི”དམིགས་ཚད་ལས་བརྒལ་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་19ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཞུས་ཡན་ཧའོ་ཡིས་ཚེས་17ཉིན་འཚོགས་པའི་སྐབས་ཉེར་གཉིས་པའི་རྒྱལ་ཡོངས་ཚན་རྩལ་ཁྱབ་གདལ་རིགས་པའི་གཞུང་ལུགས་བགྲོ་གླེང་ཚོགས་འདུ་དང་2020ལོར་ཕྱོགས་པའི་ཚན་རྩལ་བརྒྱུད་བསྒྲགས་རྒྱལ་སྤྱིའི་གླེང་སྟེགས་ཐོག་2015ལོར་རང་རྒྱལ་གྱི་སྤྱི་དམངས་ལ་ལྡན་པའི་ཚན་རིག་བྱང་ཚད་གྱི་བསྡུར་ཚད་དེ་6.20%ཟིན་ཡོད་པ་དང་2010ལོ་ལས་3.27%ལས་90%ཙམ་མཐོ་རུ་ཕྱིན་ཏེ“ལོ་ལྔ་ཚན་བཅུ་གཉིས་པར”རང་རྒྱལ་གྱི་སྤྱི་དམངས་ལ་ལྡན་པའི་ཚན་རིག་གི་བྱང་ཚད་བསྡུར་ཚད་དེ་5%ཟིན་རྒྱུའི་དམིགས་ཚད་ལས་བརྒལ་ནས་ལེགས་གྲུབ་བྱུང་བ་དེ་ཐོག་ནས“ལོ་ལྔ་ཚན་བཅུ་གཉིས་པའི”རིང་རང་རྒྱལ་སྤྱི་དམངས་ཀྱི་ཚན་རིག་གི་བྱང་ཚད་འཛུགས་སྐྱོང་ལས་དོན་ཁག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་གསར་གཏོད་ལ་སྐུལ་འདེད་གཏོང་བའི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱ་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད་ཅེས་གསུངས་པ་རེད།
           ཀྲུང་གོ་ཚན་རིག་ཁྱབ་གདལ་ཞིབ་འཇུག་སུའོ་དང་ཀྲུང་གོ་ཚན་རིག་ཁྱབ་གདལ་རྩོམ་པ་པོའི་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་། ཀྲུང་གོ་རྒྱལ་སྤྱིའི་ཚན་རྩལ་ཚོགས་འདུ་ལྟེ་གནས་ཀྱིས་གཉེར་འགན་འཁུར་བའི་ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུའི་བརྗོད་དོན་གཙོ་བོ་ནི“2020ལོར་ཕྱོགས་པའི་ཚན་རིག་ཁྱབ་གདལ་དང་བརྒྱུད་བསྒྲགས་སྟེ། གསར་གཏོད་མཉམ་འགུལ་དང་སྤྱི་ཚོགས་ཞུགས་པ”ཞེས་པ་དེ་ཡིན། ཨ་རི་དང་། ཁ་ན་ཏ། རྒྱ་གར། རི་པིན། ཧན་གོ་སོགས་རྒྱལ་ཁབ་ཁག་དང་ས་ཁུལ་ནས་ཕེབས་པའི་རྒྱལ་སྤྱིའི་ཐོག་གི་སྐད་གྲགས་ཡོད་པའི་རིགས་གཅིག་མཁས་ཅན་དང་མཁས་དབང་དང་རང་རྒྱལ་གྱི་རིགས་གཅིག་མཁས་ཅན་དང་མཁས་དབང་། ཚན་རིག་ཁྱབ་གདལ་གྱི་ལས་དོན་པ་བཅས་མི་200ཙམ་བགྲོ་གླེང་ཚོགས་འདུར་ཞུགས་ཡོད་པ་རེད།
          ཞུས་ཡན་ཧའོ་ཡིས་རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་རིགས་པའི་གཞུང་ལུགས་ཀྱི་བགྲོ་གླེང་ཚོགས་འདུས་ཚན་རྩལ་ཁྱབ་གདལ་གཏོང་བའི་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། སྤྱི་དམངས་ཀྱི་ཚན་རིག་བྱང་ཚད་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ། གསར་གཏོད་མཉམ་འགུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་ཤིང་། ཁོང་གིས“ལོ་ལྔ་ཚན་བཅུ་གསུམ་པའི”དུས་སྐབས་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བ། ཕྱོགས་ཡོངས་ནས་རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བ། ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་བ་བཅས་བྱེད་པའི་འགག་རྩའི་དུས་སྐབས་ཤིག་ཡིན་པས་དུས་བབ་གསར་པ་དང་བླང་བྱ་གསར་པར་ཕྱོགས་སྐབས་སྤྱི་དམངས་ཀྱི་ཚན་རིག་བྱང་ཚད་འཛུགས་སྐྱོང་གི་ལས་དོན་དེ་སྔར་བཞིན་ལས་འགན་ལྕི་ལ་ལམ་ཐག་རིང་བ་ཞིག་ཡོད་ཅེས་ནན་བཤད་གནང་བ་རེད།