མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གུང་ཀྲུང་དབྱང་གིས་《ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་ལས་དོན་སྲོལ་ཡིག་》
པར་འགྲེམས་བྱས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་20ཉིན། 14:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གིས་《ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་ལས་དོན་སྲོལ་ཡིག་》(གཤམ་དུ་བསྡུས་མིང་ལ་《སྲོལ་ཡིག་》ཅེས་བརྗོད་རྒྱུ)པར་འགྲེམས་བྱས་ནས་ས་གནས་ཁག་དང་སྡེ་ཚན་ཁག་ལ་དེ་ལུགས་ལག་བསྟར་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
         བརྡ་ཐོའི་ནང་བསྟན་དོན། 2006ལོར་ཀྲུང་དབྱང་གིས་ཁྱབ་བསྒྲགས་བྱས་པའི་《ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་ལས་དོན་སྲོལ་ཡིག་(ཚོད་ལྟའི་ལག་བསྟར་)》གིས་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ལས་དོན་ཚན་རིག་ཅན་དང་། ལམ་ལུགས་ཅན། ཚད་ལྡན་ཅན་བཅས་ལ་སྐུལ་འདེད་གཏོང་བ་དང་། བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་གསོ་སྐྱོང་དང་སྐྱེད་སྲིང་བྱེད་པ། སློབ་སྦྱོང་རྣམ་པའི་སྲིད་ཏང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ནུས་པ་གལ་ཆེན་བཏོན་ཡོད། འོན་ཀྱང་དུས་བབ་ཀྱི་ལས་འགན་དང་ལས་བྱེད་པའི་དཔུང་ཁག་གི་གནས་ཚུལ་འགྱུར་ལྡོག་འགྲོ་བ་དང་བསྟུན་ནས་རེ་བ་གསར་པ་དང་རྦད་དེ་འཚམ་མི་ཐུབ་པར་བརྟེན་ཀྲུང་དབྱང་གིས་བཟོ་བཅོས་རྒྱག་རྒྱུའི་གཏན་འབེབས་བྱས་ཡོད།
         བརྡ་ཐོའི་ནང་ནན་བཤད་བྱས་དོན། 《སྲོལ་ཡིག་》ནང་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ལས་དོན་སྐོར་གྱི་ཀྲུང་དབྱང་གི་དགོངས་དོན་གསར་པ་དང་བླང་བྱ་གསར་པ་མཚོན་པ་དང་། ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ལག་ལེན་ཁྲོད་བཏོད་པའི་ཉམས་མྱོང་གསར་པ་དང་གྲུབ་འབྲས་གསར་པ་བསྡུ་ལེན་བྱས་པ། དུས་བབ་གསར་པ་དང་ལས་འགན་གསར་པར་གཞིགས་ནས་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བ་བཅས་བྱས་པ་དེ་ནི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ལས་དོན་ཡག་པོ་སྒྲུབ་པའི་གཞི་འཛིན་ས་ཞིག་ཡིན། 《སྲོལ་ཡིག་》ཡོངས་བསྒྲགས་དང་ལག་བསྟར་བྱས་པ་དེས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ། དད་སེམས་བརྟན་པ་དང་། དམངས་ལ་ཞབས་འདེགས་ཞུ་བ། སྲིད་བརྩོན་དངོས་སྒྲུབ། འགན་འཁུར་ཕོད་པ། སྤྱོད་གཙང་གཞུང་དྲང་བཅས་ཀྱི་ལས་བྱེད་པ་ཡག་པོ་གསོ་སྦྱོང་དང་སྐྱེད་སྲིང་། སློབ་སྦྱོང་རྣམ་པ་དང་། ཞབས་ཞུ་རྣམ་པ། གསར་གཏོད་རྣམ་པ་བཅས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་སྲིད་སྐྱོང་ཏང་འཛུགས་སྐྱོང་དང་སློབ་སྦྱོང་རྣམ་པའི་སྤྱི་ཚོགས་འཛུགས་སྐྱོང་ལ་སྐུལ་འདེད། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་བཅས་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།
         བརྡ་ཐོའི་ནང་བླང་བྱ་བཏོན་དོན། རིམ་ཁག་ཏང་ཨུད་(ཏང་ཙུའུ)དང་འབྲེལ་ཡོད་སྡེ་ཚན་གྱིས་《སྲོལ་ཡིག་》སློབ་སྦྱོང་ནན་ཏན་དང་། དྲིལ་བསྒྲགས་ཤུགས་ཆེན། ལག་བསྟར་ནན་པོ་བཅས་བྱེད་པ་དང་ཕུགས་བསམ་དད་སེམས་དང་ཏང་གཤིས་ཀྱི་སློབ་གསོར་སྔར་བས་ཤུགས་སྣོན་རྒྱག་པ། གསོ་སྦྱོང་གི་ནང་དོན་འཐུས་ཚང་དང་། གསོ་སྦྱོང་བྱེད་སྟངས་ལེགས་སུ་གཏོང་བ། གསོ་སྦྱོང་གི་ཐོན་ཁུངས་བསྡུ་སྒྲིལ། གསོ་སྦྱོང་དཔུང་ཁག་བཟང་སྒྲིག་བཅས་བྱེད་པ། ཕྱོགས་ཡོངས་ནས་སྤུས་ཀ་ལེགས་སུ་དང་ཕན་འབྲས་ཆེ་རུ་གཏོང་བ། ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ལས་དོན་ཚན་རིག་ཅན་དང་། ལམ་ལུགས་ཅན། ཚད་ལྡན་ཅན་བཅས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། བྱང་ཚད་མཐོ་བའི་སྲིད་འཛིན་དཔུང་ཁག་གསོ་སྐྱོང་དང་སྐྱེད་སྲིང་བྱེད་པའི་ལས་འགན་དངོས་འབྲེལ་དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་རྒྱུན་ཆད་མེད་པར་ལེན་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་བསམ་བློ་ཆབ་སྲིད་ཀྱི་འགན་སྲུང་དང་། ཤེས་ལྡན་པའི་འགན་སྲུང་། རིག་སྟོབས་ཀྱི་རྒྱབ་སྐྱོར་བཅས་མཁོ་འདོན་བྱེད་དགོས།