མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་ལས་ལམ་གསར་འབྱེད་དང་གསར་གཏོད་བྱེད་མཁན་ནི་དེང་གི་དུས་
རབས་འདིའི་དཔའ་བོ་རེད་ཅེས་གསུངས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་20ཉིན། 15:23】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ལི་ཁེ་ཆང་གིས་ལས་ལམ་གསར་འབྱེད་དང་གསར་གཏོད་བྱེད་མཁན་ནི་དེང་གི་དུས་
རབས་འདིའི་དཔའ་བོ་རེད་ཅེས་གསུངས་པ།

         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་19ཉིན་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་རྒྱལ་ཡོངས་ཀྱི་མི་མང་གིས་ལས་ལམ་གསར་འབྱེད་དང་ཀུན་གྱིས་གསར་གཏོད་ཅེས་པའི་བྱེད་སྒོ་གཟའ་འཁོར་སྤེལ་འགོ་ཚུགས་པའི་མཛད་སྒོར་ཞུགས་དུས། སློབ་ཆེན་ནས་ཐོན་རྗེས་ཕྱིར་ཕ་ཡུལ་ལ་ལོག་སྟེ་ལས་ལམ་གསར་འབྱེད་ཀྱིས་གཟི་ཚ་སྡེ་དགུ་དམངས་སྲོལ་གོམས་འདྲིས་ཁྲོམ་ལམ་གཉེར་སྐྱོང་བྱེད་པའི་བོད་རིགས་ཕོ་གསར་ལ་གསར་གཏོད་ཐོན་རྫས་ཀྱིས་ཡུལ་སྐོར་ལས་རིགས་གསོན་ཤུགས་རྒྱས་པར་གཉེར་ཡོད་པ་མ་ཟད། བཟོ་སྐྲུན་ལས་རིགས་ལ་སྐུལ་ཁྲིད་ཀྱང་བྱེད་ཐུབ་པ་རེད། ལས་ལམ་གསར་འབྱེད་དང་གསར་གཏོད་ལ་ས་ཁུལ་དང་། མི་རིགས། ལོ་ཚོད། རིམ་གྲས་བཅས་ཀྱི་ཁྱད་པར་མེད་ཅིང་། དུས་རབས་མི་གཅིག་པའི་སྐབས་ལ་དུས་རབས་དེ་དང་འཚམས་པའི་དཔའ་བོ་ཡོད། ལས་ལམ་གསར་འབྱེད་དང་གསར་གཏོད་མཁན་རྣམས་ནི་ད་སྐབས་ཀྱི་དུས་རབས་འདིའི་དཔའ་བོ་རེད་ཅེས་གསུངས་པ་རེད།

༄༅།།ལི་ཁེ་ཆང་གིས་ལས་ལམ་གསར་འབྱེད་དང་གསར་གཏོད་བྱེད་མཁན་ནི་དེང་གི་དུས་
རབས་འདིའི་དཔའ་བོ་རེད་ཅེས་གསུངས་པ།