མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་རྒྱལ་ཡོངས་ཀྱི་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་
པའི་བྱེད་སྒོའི་གཟའ་འཁོར་ལ་ཞུགས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་21ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ལི་ཁེ་ཆང་རྒྱལ་ཡོངས་ཀྱི་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་
པའི་བྱེད་སྒོའི་གཟའ་འཁོར་ལ་ཞུགས་པ།

         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་19ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་པེ་ཅིང་དུ“རྒྱལ་ཡོངས་ཀྱི་དམངས་ཀྱིས་བྱ་གཞག་བསྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་བྱེད་སྒོའི་གཟའ་འཁོར”སྐབས་དང་པོར་ཞུགས་པ་དང་འབྲེལ་བརྗོད་དོན་གཙོ་བོའི་འགྲེམས་ཁུལ་ལ་རྟོག་ཞིབ་ཀྱང་གནང་བ་རེད།
          གསར་གཏོད་ཀྱིས་འཕེལ་རྒྱས་ཀྱི་སྒུལ་བྱེད་བྱེད་པའི་འཐབ་ཇུས་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། “སྐྲུན་གཏོད”ཀྱི་གྲུབ་འབྲས་མངོན་པ། སྟེགས་བུ་མཁོ་འདོན་བྱས་ནས་བྱ་གཞག་བསྐྲུན་པ་དང་གསར་གཏོད་ཀྱི་རྒྱུ་རྐྱེན་གཙོ་བོ་གཅིག་སྡུད་འབྲེལ་མཐུད་ལ་སྐུལ་འདེད་བཏང་ཐོག་སྤྱི་ཚོགས་ཧྲིལ་པོར་རྣམ་པ་བཟང་པོ་གཏོད་ཆེད་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་གནང་བ་བརྒྱུད་ད་ལོ་ནས་བཟུང“རྒྱལ་ཡོངས་ཀྱི་དམངས་ཀྱིས་བྱ་གཞག་བསྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་བྱེད་སྒོའི་གཟའ་འཁོར”གཉེར་རྒྱུ་ཡིན་པ་དེའི་རིང་པེ་ཅིང་དང་། ཧྲེན་དབྱང་། ཧྲང་ཧའེ། ཧོ་ཕེ། ཝུའུ་ཧན། ཧྲེན་ཀྲེན། ཁྲེང་ཏུའུ། ཤིས་ཨན་སོགས་གྲོང་ཁྱེར་གྱིས་རྣམ་པ་སྣ་ཚོགས་ཀྱི་རིམ་སྤེལ་བྱེད་སྒོ་དུས་མཚུངས་སུ་སྤེལ་རྒྱུ་རེད།
         ལི་ཁེ་ཆང་ཀྲུང་ཀོན་གྲོང་ཚོའི་བྱེད་སྒོའི་གཟའ་འཁོར་སྤེལ་བའི་མཛད་སྒོའི་ཚོགས་ར་གཙོ་བོར་ཕེབས་པ་དང་པེ་ཅིང་དང་། ལེའོ་ཉིང་། ཧྲང་ཧའེ། ཨན་ཧུའེ། ཧུའུ་པེ། སི་ཁྲོན། ཧྲའན་ཤིས། ཧྲེན་ཀྲེན་སོགས་ཞིང་ཆེན་དང་གྲོང་ཁྱེར་དང་འཆར་གཞི་ལོགས་སུ་བཀོད་པའི་གྲོང་ཁྱེར་སྲིད་གཞུང་གི་འགན་འཁུར་བ་གཙོ་བོས་བརྙན་འཕྲིན་བརྒྱུད་དེ་ས་གནས་དེ་གའི་བྱ་གཞག་བསྐྲུན་པ་དང་གསར་གཏོད་ཀྱི་འབྲེལ་ཡོད་གནས་ཚུལ་སྙན་སེང་ཞུས་པ་རེད། བྱ་གཞག་བསྐྲུན་པ་དང་གསར་གཏོད་བྱེད་མཁན་5ཡིས་སྡིངས་ཆའི་ཐོག་བསྐྱོད་དེ་བསྔགས་བརྗོད་ལག་བརྡའི་ཐོག་ནས“སྐྲུན་གཏོད”བྱེད་སྒོའི་གཟའ་འཁོར་གྱི་མཚོན་རྟགས་བསྟན་པ་རེད། ལི་ཁེ་ཆང་གིས་ཚོགས་རར་གསུང་བཤད་གནང་ཞིང་། ཁོང་གིས་མིག་སྔར་རང་རྒྱལ་གྱི་འཕེལ་རྒྱས་རྒྱུན་རྣམ་གསར་པར་སླེབས་པ་དང་། འཕེལ་རྒྱས་གཏོང་སྟངས་དང་འགུལ་ནུས་གསར་རྙིང་བརྗེ་སྒྱུར་བྱེད་པའི་འགག་རྩའི་དུས་སུ་སླེབས་པས་དམངས་ཀྱིས་བྱ་གཞག་བསྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་དེས་སྤྱི་ཚོགས་ཧྲིལ་པོའི་གསར་གཏོད་ནུས་ཤུགས་ལ་སྐུལ་སྤེལ་གཏོང་བ་དང་འཕེལ་རྒྱས་ཀྱི་སྒུལ་བྱེད་འཕྲུལ་འཁོར་གསར་པ་བཏོད་དེ་འདི་ལོ་འཛམ་གླིང་གི་དཔལ་འབྱོར་ཉམས་པ་དང་། དངུལ་རྩའི་ཁྲོམ་ར་གཡོ་འགུལ་ཆེ་བའི་གནས་ཚུལ་འོག་དུས་ཚིགས་དང་པོ་ནས་གསུམ་པའི་བར་རང་རྒྱལ་གྱི་དཔལ་འབྱོར་6.9%འཕར་ནས་7%ཙམ་རྒྱུན་འཁྱོངས་བྱས་པ་དང་ལྷག་དོན་དུ་ལས་ཞུགས་འདང་ངེས་ཡོད་པ་དེའི་ནང“གཏོད་སྐྲུན”གྱིས་འདེགས་སྐྱོར་གྱི་ནུས་པ་གལ་ཆེན་བཏོན་ཡོད། “གཏོད་སྐྲུན”གྱིས་ཀྱང་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་ནུས་ལྡན་བཏང་ནས་འཕེལ་རྒྱས་དེ་རང་བྱུང་ཐོན་ཁུངས་ལ་བརྟེན་དྲགས་པ་ནས་མི་ཤུགས་ཐོན་ཁུངས་ལ་དེ་བས་མང་བའི་སྒོ་ནས་བརྟེན་པར་འགྱུར་རྒྱུར་འཕེལ་རྒྱས་བཏང་ནས་དཔལ་འབྱོར་མྱུར་ཚད་འབྲིང་མགྱོགས་ཀྱི་སྒོ་ནས་འཕར་བ་དང་ཆུ་ཚད་འབྲིང་མཐོའི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད་ཅེས་གསུངས་པ་རེད།
         ལི་ཁེ་ཆང་ཚན་རྩལ་མི་སྣ་དང་། གཞི་རིམ་གྱི་ཚོགས་སྤྱི། གཞོན་ནུའི་བྱ་གཞག་གཏོད་པའི་རྣམ་གྲངས་འགྲེམས་ཁུལ་བཅས་སུ་སོ་སོར་ཕེབས་སྐབས་མཐོ་སློབ་ཀྱི་དགེ་སློབ་ཀྱིས་ཞིབ་འཇུག་གསར་སྤེལ་བྱས་པའི་རྒྱལ་ནང་གི་ལྕགས་རིགས་3Dཔར་རྒྱག་སྒྲིག་ཆས་དང་པོ་དང་ཀླད་འགུལ་སྐུལ་ཆས་སོགས་ཀྱི་རྣམ་གྲངས་དང་དེ་བཞིན་གཞི་རིམ་གྱི་བཟོ་པ་དང་ཕ་ཡུལ་དུ་ཕྱིར་ལོག་བྱེད་མཁན་ཞིང་པ་སོགས་ཀྱི་གསར་གཏོད་གྲུབ་འབྲས་གཟིགས་སྐབས་ཁོང་གིས་ཚང་མར་དམངས་ཀྱིས་བྱ་གཞག་བསྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པར་གལ་ཆེ་ཤོས་ནི“གཏོད་སྐྲུན”བྱ་རྒྱུ་དེ་ཡིན་པ་དང་། ལྟེ་བ་ནི“དམངས་ཚོགས”ཡིན། ད་ཆའི་ཨིན་འབྲེལ་དྲ་བའི་དུས་རབས་སུ“དམངས་ཁྲོད”དང་སྐྱེ་བོ་ཕུལ་བྱུང་གང་ཞིག་ཡིན་རུང་ཚང་མས་བྱ་གཞག་གསར་གཏོད་དང་གསར་སྐྲུན་བྱ་རྒྱུར་ཞུགས་ཏེ་སོ་སོའི་འཇོན་ཐང་འདོན་ཆོག “གཏོད་སྐྲུན”ཡང་ཡོང་འབབ་བགོ་བཤའི་སྒྱུར་བཅོས་དང་། སྤྱི་ཚོགས་གཞུང་དྲང་ལ་སྐུལ་འདེད་གཏོང་བའི་འཇུག་གཞི་ཡིན་པས་ལས་ཞུགས་ཀྱི་ལས་གནས་འབོར་ཆེན་མང་དུ་བཏང་ནས་བྱ་གཞག་གསར་གཏོད་དང་གསར་སྐྲུན་བྱེད་མཁན་ལ་དེ་བས་གཞུང་དྲང་གི་གོ་སྐབས་དང་གོང་འཕེལ་གྱི་བགྲོད་ལམ་ཐོགས་མེད་ཅིག་དང་ལྷག་དོན་དུ་གཞོན་ནུ་ལོ་ཆུང་ལ་རྒྱ་ཆེ་བའི་བར་ཁམས་མཁོ་འདོན་བྱས་ཏེ་མི་དེ་བས་མང་བ་ཞིག་རང་ཉིད་ཀྱི་འབད་བརྩོན་བརྒྱུད་ཕྱུག་པོར་འགྱུར་བ་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད།