མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།《སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་དར་རྒྱས་གོང་འཕེལ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་
ཀྲུང་དབྱང་གི་བསམ་འཆར》གྱི་ནང་དོན་ཆ་ཚང་ཁྱབ་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་21ཉིན། 15:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་ཀྲུང་གུང་ཀྲུང་དབྱང་གིས་ཡིག་ཆ་བཀྲམ་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་དར་རྒྱས་གོང་འཕེལ་གཏོང་རྒྱུར་མཛུབ་ཁྲིད་གནང་བ་རེད། 《བསམ་འཆར་》ནང་ལེའུ་6དང་དོན་ཚན་25ཡོད། དེའི་ནང་རིག་རྩལ་ལས་དོན་ཡག་པོ་སྒྲུབ་པའི་དོན་སྙིང་གལ་ཆེན་དང་མཛུབ་ཁྲིད་བསམ་བློ་དང་། མི་དམངས་སྲོག་ཤིང་དུ་བྱེད་པའི་གསར་རྩོམ་སྟོན་ཕྱོགས་མཐའ་འཁྱོངས་བྱེད་པ། ཀྲུང་གོའི་སྙིང་སྟོབས་དེ་སྤྱི་ཚོགས་རིང་ལུགས་རིག་རྩལ་གྱི་བླ་སྲོག་ཏུ་འགྱུར་བ་བྱེད་པ། དུས་རབས་ལ་ངོ་གནོང་མི་དགོས་པའི་ཕུལ་བྱུང་བརྩམས་ཆོས་གསར་རྩོམ་བྱེད་པ། སྤྱོད་བཟང་དང་སྒྱུ་རྩལ་གཉིས་ལྡན་གྱི་རིག་རྩལ་དཔུང་ཁག་འཛུགས་སྐྱོང་བྱེད་པ། རིག་རྩལ་ལས་དོན་ཐད་ཀྱི་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ལེགས་གཏོང་བྱེད་པ་བཅས་ཚུད་ཡོད།