མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་དབྱིན་ཇིའི་རྒྱལ་མོ་དབྱི་ལི་ཧྲ་པེ་སྐུ་ཐོག་གཉིས་པས་གཉེར་བའི་ཕེབས་
བསུའི་མཛད་སྒོར་ཞུགས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་23ཉིན། 09:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་དབྱིན་ཇིའི་རྒྱལ་མོ་དབྱི་ལི་ཧྲ་པེ་སྐུ་ཐོག་གཉིས་པས་གཉེར་བའི་ཕེབས་
བསུའི་མཛད་སྒོར་ཞུགས་པ།

         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་20ཉིན་དབྱིན་ཇིར་རྒྱལ་དོན་འཚམས་འདྲི་གནང་བཞིན་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་དབྱིན་ཇིའི་རྒྱལ་མོ་དབྱི་ལི་ཧྲ་པེ་སྐུ་ཐོག་གཉིས་པས་ལོན་ཏོན་རྟ་དམག་གཟིགས་ཞིབ་ཐང་དུ་གཉེར་བའི་ཕེབས་བསུའི་མཛད་སྒོ་གཟབ་རྒྱས་ལ་ཞུགས་པ་རེད།
         སྟོན་དུས་ཀྱི་ལོན་ཏོན་དུ་ནམ་མཁའ་སྔོ་ཞིང་དྭངས་ལ་མཁའ་རླུང་བསིལ་བ་དང་ལྗོན་ཤིང་གི་ལོ་འདབ་སེར་པོར་འགྱུར་བཞིན་མཆིས། དེ་ཉིན་ཉིན་དགུང་དབྱིན་ཇིའི་ཝེའར་ཧྲེའི་རྒྱལ་རྒྱུད་འཛིན་མཁན་ཁྲའར་སི་དང་སྐུ་ཟླ་ཁ་མེ་ལ་ཞིས་ཅིན་ཕིང་བཞུགས་སའི་གསོལ་མགྲོན་ཁང་དུ་ཕེབས་ནས་ཞིས་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱི་ཕེབས་བསུར་བཅར་བ་རེད།
         ཆུ་ཚོད་12དང་སྐར་མ་10ཙམ་ལ་རྒྱལ་རྒྱུད་འཛིན་མཁན་ཁྲའར་སི་དང་ཁོང་གི་སྐུ་ཟླའི་ཕེབས་རོགས་འོག་ཞིས་ཅིན་ཕིང་སྟངས་དཔྱལ་རྟ་དམག་གཟིགས་ཞིབ་ཐང་གི་གོང་མ་ཚང་གི་གཟིགས་ཞིབ་སྟེགས་བུར་ཕེབས་འབྱོར་ཟིན། དབྱིན་ཇིའི་གོང་མ་ཚང་གི་ཚད་གཞི་མཐོ་ཤོས་ཀྱི་གུས་ལུགས་གཞིར་བཟུང་ལོན་ཏོན་ལྕོག་རྟེན་ཟམ་པ་དང་ཀེ་ལན་སྤྱི་གླིང་དུ་རྟེན་འབྲེལ་མེ་སྒྱོགས་62དང་41སོ་སོར་བརྒྱབ་པ་རེད།
         ཞིས་ཅིན་ཕིང་སྟངས་དཔྱལ་གོང་མ་ཚང་གི་གཟིགས་ཞིབ་སྟེགས་བུར་འཛེགས་གནང་སྐབས་རྒྱལ་མོ་དབྱི་ལི་ཧྲ་པེ་སྐུ་ཐོག་གཉིས་པ་དང་སྐུ་ཟླ་ཆིན་ཝང་ཕེ་ལེ་ཕུའུ་རྣམ་གཉིས་ཀྱིས་ཕེབས་བསུ་ཞུས་པ་རེད། གཟབ་སྦྲེང་རུ་ཁག་གིས་གུད་འདུད་ཞུས་པ་དང་དམག་མིའི་རོལ་ཆ་རུ་ཁག་གིས་ཀྲུང་གོའི་རྒྱལ་གླུ་སྐད་གསང་མཐོན་པོས་དཀྲོལ་བ་རེད། ཆིན་ཝང་ཕེ་ལེ་ཕུའུ་ཡི་ཕེབས་རོགས་འོག་ཞིས་ཅིན་ཕིང་གིས་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་རེད།
         ཕེབས་བསུའི་མཛད་སྒོ་མཇུག་འགྲིལ་རྗེས་ཀྲུང་དབྱིན་རྒྱལ་ཁབ་གཉིས་པོའི་རྒྱལ་གླུའི་སྒྲའི་ཁྲོད་རྒྱལ་མོ་དང་ཁོང་གི་སྐུ་ཟླའི་ཕེབས་རོགས་འོག་ཞིས་ཅིན་ཕིང་སྟངས་དཔྱལ་གོང་མ་ཚང་གི་ཤིང་རྟ་འཁོར་ལོར་བཞུགས་ནས་ཕོ་བྲང་པའེ་ཅིན་ཧན་དུ་ཕེབས་པ་རེད།
         རྒྱལ་མོའི་ལོན་ཏོན་ཆེ་མོའི་སྐུ་ཚབ་ཨའོ་ལི་ཧྲ་དང་། དབུ་བཞུགས་བློན་ཆེན་ཁེ་མེ་ལུན། ནང་སྲིད་བློན་ཆེན་མེ། རྒྱལ་སྲུང་ཚན་མོའུ་ཀྲང་ཧོ་ཏུན། ལོན་ཏོན་དངུལ་རྩའི་གྲོང་ཁྱེར་གྱི་ཧྲི་ཀྲང་ཡེ་ཡ་ལུན། ཝེ་སི་མེན་སི་ཐེ་གྲོང་ཁྱེར་གྱི་ཧྲི་ཀྲང་ཧྥོ་ལའེ་ཐེ་སོགས་ཕེབས་བསུའི་མཛད་སྒོར་ཞུགས་པ་རེད།
         ཉིན་དགུང་ཞིས་ཅིན་ཕིང་སྟངས་དཔྱལ་རྒྱལ་མོ་དབྱི་ལི་ཧྲ་པེ་སྐུ་ཐོག་གཉིས་པས་གཉེར་བའི་ཉིན་དགུང་གསོལ་ཚིགས་ལ་ཕེབས་པ་རེད།
         ཝང་ཧུའུ་ཉིང་དང་། ལི་ཀྲན་ཧྲུའུ། དབྱང་ཅེ་ཁྲེ་སོགས་གོང་གསལ་གྱི་བྱེད་སྒོ་ཁག་ནང་ཞུགས་པ་རེད།