མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་དབྱིན་ཇིར་རྒྱལ་དོན་འཚམས་འདྲི་གནང་མཇུག་འགྲིལ་ནས་པེ་ཅིང་དུ་
ཕྱིར་ལོག་ཕེབས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་26ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་24ཉིན་དབྱིན་ཇིར་རྒྱལ་དོན་འཚམས་འདྲི་གནང་མཇུག་འགྲིལ་རྗེས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་པེ་ཅིང་དུ་ཕྱིར་ཕེབས་པ་རེད།
         ཀྲུའུ་ཞི་ཞིས་ཅིན་ཕིང་གི་སྐུ་ཟླ་ཕེང་ལི་ཡོན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཝང་ཧུའུ་ཉིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་བཅས་ཡིན་པའི་ལི་ཀྲན་ཧྲུའུ། རྒྱལ་དོན་ཨུ་ཡོན་དབྱང་ཅེ་ཁྲེ་སོགས་ཕེབས་རོགས་མི་སྣ་གནམ་གྲུ་གཅིག་ནང་ལྷན་དུ་ཕེབས་ཡོད་པ་རེད།
         ས་གནས་དེ་གའི་དུས་ཚོད་ཚེས་23ཉིན་གྱི་ཕྱི་དྲོ་ཞིས་ཅིན་ཕིང་མན་ཁྲེ་སི་ཐེ་ནས་ཞལ་ཏེ་རྒྱལ་ཁབ་ཏུ་ཕྱིར་ལོག་གནང་བ་དང་དབྱིན་ཇིའི་རྒྱལ་མོའི་ཕོ་བྲང་གི་བློན་ཆེན་པོ་ཅུའེ་ཕེར་སོགས་ཀྱིས་གནམ་ཐང་དུ་ཕེབས་སྐྱེལ་ཞུས་པ་རེད།