མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་རྒྱལ་ཁབ་20ཡི་དབུ་ཚོགས་དང་APECགྲོས་ཚོགས་ལ་ཞུགས་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་10ཉིན། 10:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་9ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལུའུ་ཁང་གིས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཐུར་ཁེ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཨེར་ཏོ་ཨན་གྱིས་གདན་ཞུ་གནང་བ་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་ཟླ་11ཚེས་14ཉིན་ནས་ཚེས་16ཉིན་བར་ཐུར་ཁེ་རྒྱལ་ཁབ་ཀྱི་ཨན་ཐ་ལི་ཡ་གྲོང་ཁྱེར་དུ་ཕེབས་ཏེ་རྒྱལ་ཁབ་20ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་10པར་ཞུགས་རྒྱུ་རེད།
         ཧྥི་ལི་ཕིན་རྒྱལ་ཁབ་ཀྱི་ཙུང་ཐུང་ཨ་ཅི་ནུའོ་ཡིས་གདན་ཞུ་གནང་བ་ལྟར། ཞིས་ཅིན་ཕིང་ཟླ་11ཚེས་17ཉིན་ཚེས་19ཉིན་བར་ཧྥི་ལི་ཕིན་རྒྱལ་ཁབ་ཀྱི་མ་ཉི་ལ་གྲོང་ཁྱེར་དུ་ཕེབས་ཏེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་23པར་ཞུགས་རྒྱུ་རེད།