མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།དཔྱིད་གསར་སྐྱེལ་འདྲེན་འགོ་ཚུགས་ཚུན་ཉིན་10ཡི་ནང་འགྲུལ་པ་སྐྱེལ་འདྲེན་བྱས་
ཚད་མི་ཐེངས་དུང་ཕྱུར་7.4ཟིན་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་05ཉིན། 15:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་1ཚེས་24ཉིན་ནས་ཟླ་2ཚེས་2ཉིན་བར་གྱི་དཔྱིད་གསར་སྐྱེལ་འདྲེན་བྱེད་འགོ་ཚུགས་ཚུན་ཉིན་10ཡི་ནང་རྒྱལ་ཡོངས་ཀྱི་ལྕགས་ལམ་དང་། གཞུང་ལམ། ཆུ་ལམ། དམངས་སྤྱོད་མཁའ་འགྲུལ་བཅས་ཀྱིས་འགྲུལ་པ་མི་ཐེངས་དུང་ཕྱུར་7.4སྐྱེལ་འདྲེན་བྱས་པ་དེ་ན་ནིང་གི་དུས་མཚུངས་ལས་2.5%འཕར་ཡོད། སླད་ཕྱིན་གྱི་ཉིན་4ཡི་ནང་དཔྱིད་གསར་སྐྱེལ་འདྲེན་བྱེད་མང་ཤོས་ཀྱི་དུས་ཚོད་ལ་སླེབས་གྲབས་ཡོད་པས་ཉིན་རེར་འགྲུལ་པ་སྐྱེལ་འདྲེན་བྱས་ཚད་མི་ཐེངས་ཁྲི་8200ཟིན་རྒྱུ་ཡིན་པ་རེད།
          བསྡོམས་རྩིས་བྱས་པར་གཞིགས་ན། དཔྱིད་གསར་སྐྱེལ་འདྲེན་བྱེད་འགོ་ཚུགས་ཚུན་ཉིན་10ཡི་ནང་ལྕགས་ལམ་ཐོག་འགྲུལ་པ་མི་ཐེངས་ཁྲི་7464.1སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་11.0%འཕར་བ་དང་། གཞུང་ལམ་ཐོག་འགྲུལ་པ་མི་ཐེངས་དུང་ཕྱུར་6.4སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་1.8%འཕར་བ། ཆུ་ལམ་ཐོག་འགྲུལ་པ་མི་ཐེངས་ཁྲི་855.6སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་9.8%ཆག་ཡོད། དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་པ་མི་ཐེངས་ཁྲི་1252.5སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་2.6%འཕར་ཡོད།