མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་
གཏིང་ཟབ་བྱས་ཏེ་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་འགན་འཁྲི་
ནན་པོ་ཁུར་དགོས་པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་23ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་21ཉིན་ཀྲུང་དབྱང་དྲིལ་བསྒྲགས་རིག་གནས་ཚན་པའི་འགོ་ཁྲིད་ལས་བྱེད་པས་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཆེད་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ལིའུ་ཡུན་ཧྲན་ཚོགས་འདུར་ཕེབས་པ་དང་སྦྲགས་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ལ་བརྩིས་ནས་ཏང་གཤིས་ཀྱི་རྩ་དོན་དང་མི་དམངས་ལྟེ་བར་བྱས་པའི་ལས་ཀའི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ཏེ་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་འགན་འཁྲི་ནན་པོ་ཁུར་ཏེ“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ་དོན་འཁྱོལ་བྱེད་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་གཅོད་རྒྱུར་བསམ་བློའི་གླེང་ཕྱོགས་ཀྱི་འདེགས་སྐྱོར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་། ཀྲུང་དབྱང་དྲིལ་བསྒྲགས་རིག་གནས་ཚན་པའི་འགན་འཁུར་བློ་མཐུན་11གིས་གཏམ་བཤད་སྤེལ་ཞིང་། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཏང་གི་གསར་འགྱུར་བྱ་གཞག་འཕེལ་རྒྱས་ཀྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ལན་ཁ་གསལ་བསྐྱོན་གནང་ཡོད་པས། ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་རིགས་པའི་གཞུང་ལུགས་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་ཕྱིན་པ་དེ་ནི་དུས་བབ་གསར་པའི་འོག་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་ཡག་པོ་བསྒྲུབ་རྒྱུར་མཛུབ་ཁྲིད་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཡིན་པ་དང་། དྲིལ་བསྒྲགས་བསམ་བློའི་ལས་དོན་ཧྲིལ་པོའི་ངོས་ནས་བརྗོད་ཚེ་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་སྟབས་བསམ་བློ་དང་བྱ་སྤྱོད་དེ་གསུང་བཤད་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བྱེད་དགོས་པའི་ངོས་འཛིན་གཅིག་མཐུན་བྱས་པ་རེད།
         ལིའུ་ཡུན་ཧྲན་གྱིས་གསུང་བཤད་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པར་དོན་དངོས་དང་འབྲེལ་བ་བྱས་ནས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས། རིམ་ཁག་དྲིལ་བསྒྲགས་སྡེ་ཚན་དང་གསར་འགྱུར་ཚན་པས་དོན་འཁྱོལ་གྱི་ཞིབ་ཕྲའི་ཇུས་གཞི་དུས་ཚོད་དམ་འཛིན་གྱིས་བཟོ་དགོས། གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་བགྲོ་གླེང་དང་། གཅིག་སྡུད་གསོ་སྦྱོང་སྒྲིག་འཛུགས་ཡག་པོ་བྱས་ཏེ་མར་ཁེ་སི་རིང་ལུགས་ཀྱི་གསར་འགྱུར་ལྟ་བའི་སློབ་གསོ་གཏིང་ཟབ་སྤེལ་བ་དང“གཞི་རིམ་དུ་བསྐྱོད་ནས་སྤྱོད་ཚུལ་སྒྱུར་བའི”བྱེད་སྒོ་གཏིང་ཟབ་སྤེལ་དགོས་པ་དང་། གནད་དོན་བློ་ལ་བཅངས་ཏེ་སློབ་སྦྱོང་ལག་བསྟར་བྱས་ནས་ཧེ་བག་གང་དུ་ཡོད་པ་གསལ་རྟོགས་དང་ནུས་ལྡན་བྱ་ཐབས་སྤྱད་ནས་ཐག་གཅོད་བྱེད་དགོས། རིམ་ཁག་ཏང་ཨུད་ཀྱིས་གསར་འགྱུར་གླེང་ཕྱོགས་ལས་དོན་ལ་འགོ་ཁྲིད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གསུང་བཤད་ཀྱི་དགོངས་དོན་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།
         ལིའུ་ཡུན་ཧྲན་གྱིས་ཏང་གི་གསར་འགྱུར་གླེང་ཕྱོགས་དང་དྲིལ་བསྒྲགས་བསམ་བློའི་ལས་དོན་ཡག་པོ་སྒྲུབ་པའི་འགག་རྩ་ནི་དྲིལ་བསྒྲགས་རིག་གནས་སྡེ་ཚན་གྱི་འགོ་ཁྲིད་ཚན་ཁག་གིས་བསམ་བློ་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཆབ་སྲིད་ལ་སྣང་ཆེན་དང་། ཏང་གཤིས་ལ་ཤུགས་སྣོན། འགན་འཁྲི་ཁུར་ཕོད་པ། བློ་ཁོག་ཆེན་པོས་གསར་གཏོད། རང་གཅུན་ནན་པོ་བཅས་ཐུབ་པ་བྱ་རྒྱུར་ཐུག་ཡོད། ཆབ་སྲིད་ཀྱི་འདུ་ཤེས་དང་། ཁྱོན་ཡོངས་ཀྱི་འདུ་ཤེས། ལྟེ་བའི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་ཟབ་ཏུ་བཏང་ནས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་ཏེ་རང་འགུལ་དང་རང་རྟོགས་ངང་ཏང་ཀྲུང་དབྱང་ལ་མིག་ལྟོས་ཀྱིས་ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོང་བྱེད་དགོས། ཏང་གི་དྲིལ་བསྒྲགས་དང་། འདུ་ཤེས་འཛིན་སྟངས། སྨྱན་སྦྱོར་བཅས་ལ་དོ་དམ་བྱེད་པའི་གཞི་རྩའི་རྩ་དོན་ལག་བསྟར་ནན་ཏན་བྱས་ནས་ཡང་དག་པའི་སྟོན་ཕྱོགས་ཀྱི་བླང་བྱ་དེ་ལས་ཀའི་ཕྱོགས་ཁག་ཚང་མར་མངོན་པ་བྱེད་དགོས། གཙོ་རྒྱུན་བསམ་བློའི་གླེང་ཕྱོགས་སྲ་བརྟན་དང་སྟོབས་ཆེར་གཏོང་བའི་འགན་འཁྲི་ཏན་ཏིག་ཁུར་ནས་ཏང་འཛུགས་སྐྱོང་ལ་དམ་འཛིན་དང་དཔུང་ཁག་ལ་སྣེ་ཁྲིད་ཀྱིས་འགན་འཁྲི་དོན་འཁྱོལ་ཡག་པོ་བྱེད་དགོས། སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་དཀའ་གནད་བསལ་ཏེ་དྲིལ་བསྒྲགས་བསམ་བློའི་ལས་དོན་གྱི་ཆོས་ཉིད་སྟངས་འཛིན་བྱས་ནས་མྱུར་ཚད་དང་ཕན་འབྲས་ལྡན་པའི་བླང་བྱ་ལག་བསྟར་ཡག་པོ་བྱས་ཏེ་ལས་དོན་གྱི་ཚན་རིག་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། “ནན་གསུམ་དྲང་གསུམ”ལ་བརྟེན་ནས་སྤྱོད་ཚུལ་ལེགས་སུ་གཏོང་རྒྱུར་གཞིགས་ཏེ་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་སྲིད་དོན་གཙང་སྐྱོང་གི་ཉེན་ཁ་གནས་ས་གྲལ་བཤེར་བྱས་ནས་དྲིལ་བསྒྲགས་རིག་གནས་ཚན་པའི་གཟུགས་བརྙན་བཟང་པོ་གཏོད་དགོས་པའི་ནན་བཤད་གནང་བ་རེད།